དོགས་སློང་དང་ཡོན་ཏན་ཞེས་པའི་སློབ་ཁྲིད་གྲ་སྒྲིག

སྤེལ་མཁན། འཕྲིན་ལས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 13/12/07

དོགས་སློང་དང་ཡོན་ཏན་ཞེས་པའི་སློབ་ཁྲིད་གྲ་སྒྲིག

གཅིག  སློབ་ཁྲིད་ཀྱི་དམིགས་ཚད།(དཀའ་གནད་དང་གཙོ་གནད)             
༡.ཤེས་རྟོགས་དམིགས་ཚད།  ཚིག་དོན་ལ་སློབ་སྦྱོང་བྱས་པ་བརྒྱུད་ནས་དགག་སྒྲུབ་རྩོམ་ཡིག་འདིའི་རིག་ལམ་གསལ་བོར་རྟོགས་ཤིང༌།   རྩོམརྟོགས་ཤིང༌། རྩོམ་སྟངས་ཀྱི་ཆ་ནས་བསྒྲུབ་བྱའི་སྙིང་བོའམ་གནད་དོན་ཇི་ལྟར་བཏོན་ཚུལ།    བསྒྲུབ་བྱ་བྱེ་བྲག་འགའ་བཀོད་ནས་རིགས་སྒྲུབ་གཏིང་ཟབ་ཏུ་ཇི་ལྟར་གཏོང་ཚུལ།གནའ་མིའི་གསུང་ལུང་དྲངས་ཏེ་བསྒྲུབ་བྱ་འདོན་ཚུལ་དང་བསྒྲུབ་བྱ་སྒྲུབ་ཚུལ།      ད་དུང་དཔེ་བཞག་ནས་བདེན་དབང་བྱེད་ཚུལ་སོགས་ངེས་དགོས།(འདི་ནི་གཙོ་གནད་ཡིན)
༢.སློབ་མས་དོགས་སློང་ལ་གཞི་འཛིན་ས་ངེས་ཅན་ཞིག་དགོས་པ་མ་ཟད།དོགས་སློང་བྱེད་དགོས་ན་ཚན་རིག་དང་མཐུན་པའི་གནས་ལུགས་ངེས་ཅན་ཞིག་དགོས་པ་རྟོགས་ཤིང།ཡོད་ཚད་ལ་དོགས་སློང་བྱས་ཏེ་བདེན་རྫུན་གྱི་དབྱེ་བ་འབྱེད་པ་དང།  ཡང་དག་པའི་བགྲོལ་ལམ་དུ་ཞུགས་སུ་འཇུག་རྒྱུ།(གཙོ་གནད)
གཉིས། བརྩེ་སེམས་དམིགས་ཚད།   དོགས་སློང་བའི་དམིགས་ཡུལ་ནི་གསར་གཏོད་བྱེད་པའི་ཆེད་ཡིན།སློབ་མར་འཚོ་བ་དངོས་ཀྱི་གནད་དོན་ལ་བསམ་གཞིག་གཏོང་བ་དང་དོགས་སློང་བྱེད་དུ་བཅུག་ནས་ཁོ་ཚོའི་གསར་གཏོད་ཀྱི་འདུ་ཤེས་སྐྱེད་བསྲིང་བྱས་ཏེ་བསམ་བློའི་སྒྱིད་ལུགས་ཀྱི་གོམས་སྲོལ་ངན་པ་མེད་པར་བཟོ་དགོས།( གཙོ་གནད)
གསུམ།དམིགས་ཚད་འགྲུབ་རིམ།  སློབ་ཚན་ཀློག་པ              གསལ་བཤད        དབྱེ་ཞིབ         ནུབ་པ་ལྟ་ཞིབ          ཕྱོགས་སྡོམ།
བཞི། སློབ་ཁྲིད་ཀྱི་ཡོ་ཆས།ཤེལ་ལེབ་ཏུ་བྲིས་པའི་སམ་བྲིས་སྟབས་བདེ     (གཏོལ་གཟུགས་ལེབ་མོ)
ལྔ་བ།  སམ་བྲིས་བཀོད་སྒྲིག།
ཁ་བྱང།  དོགས་སློང་དང་ཡོན་ཏན།
ཀ   རྩོམ་པ་པོ་ངོ་སྤྲོད་རགས་བསྡུས།
ཁ   སློབ་ཚན་དབྱེ་ཞིབ།
༡   བསྒྲུབ་བྱའི་སྙིང་བོ་བཏོན་པ། 
༢   བསྒྲུབ་བྱ་བྱེ་བྲགཔ་གང་གང་བཏོན།(དགེ་རྒན་གྱིས་དྲི་བ་འདོན་པ་དང་སློབ་