སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་ཚོགས་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 11/04/11

སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་ཚོགས་པ། 

       སྐལ་བཟང་མེ་ཏོག་ནི་བོད་མི་རིགས་ཀྱི་སེམས་ཁོང་ན་ཆེས་མཛེས་པའི་མེ་ཏོག་རྐང་གཅིག་ཡིན་ལ་མདོ་དབུས་མཐོ་སྒང་གི་འཚོ་བཞེས་ཀྱི་མྱུ་གུའང་ཡིན། སྐལ་བཟང་མེ་ཏོག་གིས་བོད་མི་ རིགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་མཛེས་པར་བརྒྱན་ཐུབ་ལ་སྐལ་བཟངམེ་ཏོག་གིས་མདོ་དབུས་མཐོ་སྒང་གི་སྣོད་བཅུད་ཀྱི་བཀོད་པ་མངོན་པར་མཚོན་ཐུབ། སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་ཚོགས་པ་ནི་སྤྱི་ལོ་༢༠༠༥ལོའི་ཟླ༢པའི་ཚེས༡༩ཉིན་དབུ་བརྙེས་ལ། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཆོག་མཆན་ཐོབ་པའི་དམངས་ཁྲོད་ཀྱི་སྤྱི་ཚོགས་ཚོགས་པ་ཞིག་ཡིན། སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་ཚོགས་པའི་རོགས་སྐྱོར་དམིགས་ཡུལ་གཙོ་བོ་ནི་མཚོ་སྔོན་གཙོ་བྱས་པའི་ནུབ་རྒྱུད་ས་ཁུལ་གྱི་དཀའ་ཁག་ཆེ་བའི་སློབ་མ་རྣམས་ལ་རོགས་སྐྱོར་གནང་སྟེ་སློབ་གཉེར་ལེགས་འགྲུབ་དང་བདེ་ཐང་གི་འཚར་ལོངས་ལ་རོགས་རམ་བྱ་རྒྱུ་དེ་ཡིན། སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་ཚོགས་པའི་རོགས་སྐྱོར་རྣམ་གྲངས་ལ་ཁེར་རྐྱང་གི་རོགས་སྐྱོར་རྣམ་གྲངས་དང་སློབ་གཉེར་བྱ་དགའི་རྣམ་གྲངས། སློབ་གྲྭའི་སྒྲིག་ཆས་ ལེགས་སྒྲིག་གི་རྣམ་གྲངས། དངོས་པོའི་རོགས་སྐྱོར་རྣམ་གྲངས་བཅས་ཡོད། སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་ཚོགས་པས་སྤྱི་ལོ་༢༠༠༩ལོ་ནས་བཟུང་རང་རེའི་སློབ་གྲྭའི་མཐོ་འབྲིང་གི་དཀའ་ཁག་ཅན་གྱི་སློབ་མ་དང་ཡུལ་ཤུལ་ས་ཁུལ་ནས་ཡོང་བའི་དཀའ་ཁག་ཅན་གྱི་སློབ་མ་མི་ཉུང་བ་ཞིག་ལ་སློབ་ཡོན་ཐད་ཀྱི་རོགས་སྐྱོར་གནང་གི་ཡོད།

སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་ཚོགས་པ།
སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་ཚོགས་པ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།