རྩིས་འཕྲུལ་གྱི་སྲ་ཆས་སྐོར་གྱི་མིང་།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 16/05/05

༡.འཕྲུལ་སྒམ།(chassis机箱) གདན་བཞག་རྩིས་འཕྲུལ་གྱིས་གཙོ་འཕྲུལ་གཞུག་སའི་སྒམ།
༢.དབུས་སྒྲིག་ཆས།(cup(central processing unit)中央处理器) རྩིས་འཕྲུལ་གྱི་ནང་གི་དན་གྲངས་ཡོངས་རྫོགས་ལ་རྩིས་སྒྲིག་བྱེད་པའི་དབུས་སམ་སྙིང་པོའི་སྡེ་ཚན་ཞིག
༣.གཙོ་གདན(main board主板)རྩིས་འཕྲུལ་ཞུན་པར་སྐུད་གདན་གཙོ་བོ་སྟེ།དབུས་སྒྲིག་ཆས་དང་ནང་བྱང་སོགས་སྤྲད་སའི་གདན་ནོ།།
༤.ནང་བྱང་(memory bank内存条)རྩིས་འཕྲུལ་གྱི་དབུས་སྒྲིག་ཆས་ཀྱི་ནང་གི་དན་གྲངས་གསོག་སའི་བྱང་བུ།
༥.འཆར་བྱང(video card显卡)རྩིས་འཕྲུལ་སོགས་ཀྱི་འཆར་ཤེལ་ངོས་སུ་གཟུགས་རིས་འཆར་བྱེད་ཀྱི་ནུས་པ་འདོན་པའི་བསྒྲིག་ཆས་ཤིག
༦.སྒྲ་བྱང་(sound card声卡)མང་འཕྲིན་ལག་རྩལ་གྱི་རྩ་བའི་གྲུབ་ཆ་ཞིག་སྟེ།སྐད་སྦུག་དང་སྒྲ་ཐག་དང་ཟེར་སྡེར་ལས་བྱུང་བའི་སྒྲ་རླབས་དག་རྣར་གཞུག་དང་སྒྲ་སྒམ་དང་སྒྲ་སྡུད་སོགས་སུ་གཏོང་བྱེད་དམ་ལད་མོའི་བརྡ་རྟགས་དང་ཨང་ཡིག་བརྡ་རྟགས་བརྗེ་བསྒྱུར་བྱེད་པའི་སྲ་ཆས་ཤིག་གོ།
༧སྐད་སྦུག (microphonc 话筒)སྒྲ་རྣམས་སྒྲ་སྐྱེད་དང་སྒྲ་སྒམ་གྱི་ནང་དུ་གཏོང་བྱེད་ཀྱི་སྦུ་གུའི་རྣམ་པ་ཅན་གྱི་སྒྲིག་ཆས་ཤིག་གོ།
༨ རྣར་གཞུག(earphone;headphone 耳机)སྒྲ་སྡུད་སོགས་ཀྱི་སྒྲ་གཞན་གྱིས་མི་ཚོར་བར་རང་གིས་ཉན་པའི་ཕྱིར་རྣ་བར་བཅུག་སྟེ་ཉན་བྱེད་ཀྱི་མཁོ་ཆས་ཤིག་གོ།
༩ སྒྲ་སྒམ།(speaker音箱)ཕྱི་དབྱིབས་སྒམ་གྱི་རྣམ་པར་གནས་བའི་སྒྲ་དུང།།
༡༠ དྲྭ་བྱང་།(networkcard网卡)དྲྭ་མཐུད་བྱང་བུ་ཞེས་པའི་ཚིག་སྡུད།
༡༡ སྲ་སྡེར།(harddisk硬盘)སྲ་བའི་སྡུད་སྡེར་གྱི་ཚིག་སྡུད།
༡༢ སྡེར་སྐུལ།(cd-rom;cddriverཟེར་སྡེར་སྐུལ་ཆས་ཞེས་བ་དང་འདྲའོ།།
༡༣ ཟེར་སྡེར།(compact disc  CD; optical disk 光盘)རྣོར་ཟེར་ལག་རྩལ་ལ་བརྟེན་ནས་བཟོས་པའི་གཟུགས་བརྙན་དང་སྒྲ པར་རིས་དང་ཡི་གེ་སོགས་ཀྱི་བརྡ་འཕྲིན་ཉར་ཚགས་བྱ་བ་དང་། དེ་ཉིད་སླར་ཡང་བསྒྲིག་ཆས་གཞན་གྱི་བཀླག་པར་བྱ་རུང་བའི་རྩིས་འཕྲུལ་གྱི་གསོག་ཆས་ཀྱི་རིགས་དབྱིབས་སྒོར་མོ་སྡེར་མ་ལྟ་བུ་ཅན་ཞིག་སྟེ།དབྱིན་ཡིག་གི་CDཞེས་བའི་སྒྲ་གདངས་དང་ཉེ་པའི་ཟེར་སྡེར་ཞེས་སྒྲ་དོན་གཉིས་ཀའི་ཆ་ནས་བསྒྱུར་བའོ།།
༡༤ ཨང་སྡེར།(digital video disc 数字视频光盘) ཨང་ཡིག་གཟུགས་ལམ་ཟེར་སྡེར་ཞེས་པ་སྟེ། ཨང་ཀིའི་ལག་རྩལ་ལ་བརྟེན་ནས་བཟོས་པའི་ཤོང་ཚད་ཆེ་ལ་གཟུགས་བརྙན་གྱི་དྭངས་ཚད་མཐོ་པའི་ཟེར་སྡེར་གྱི་བྱེ་བྲག་ཅིག་གོ།
༡༥གློག་ཁུངས།(power supply 电源)ནི་གློག་ཆས་ལ་གློག་འདོན་སྤྲོད་བྱེད་པའི་བསྒྲིག་ཆས་ཏེ། གློག་སྤྲོད་དང་གློག་འདོན་འཕྲུལ་ལྟ་བུའོ།།
༡༦འཆར་ཤེལ།(display indicator 显示器)ནི་རྩིས་འཕྲུལ་གྱི་ཕྱིར་གཏོང་བསྒྲིག་ཆས་ཤིག་སྟེ། ཡི་གེ་དང་རི་མོ་སོགས་འཆར་རོ།།
༡༧ འཆར་ཡོལ།(display screen显示屏)རྩིས་འཕྲུལ་སོགས་ཀྱི་གཟུགས་བརྙན་དང་ཡིག་རིས་འཆར་སའི་གཞིའོ།།
༡༨ འཐེབ་གཞོང་།(keybord键盘﹚རྩིས་འཕྲུལ་གྱི་ནང་དུ་ཡི་གེ་འཇུག་བྱེད་དང་སྐུལ་བརྡ་གཏོང་བྱེད་ཀྱི་འཐེབ་ནོན་བསྒྲིགས་པས་སྲ་ཆས་ཤིག
༡༩ ཙིག་བརྙན།(mouse鼠标器)ཕྱི་དབྱིབས་ཙི་གུ་དང་འདྲ་བའི་རྩིས་འཕྲུལ་གྱི་སྲ་ཆས་ཀྱི་བྱས་བྲག་ནང་འཇུག་ཡོ་བྱད་ཅིག
༢༠ བསྒྲིག་ཆས། ﹙installation;faci-lities设备﹚འཕྲུལ་ཆས་སོགས་ཀྱི་བསྒྲིག་པར་བྱ་བའི་ལྷུ་ལག་ཕྲ་རག་སོ།།
༢༡ དན་གྲངས།﹙data数据﹚རྩིས་སྣ་ཚོགས་དང་ཚན་རྩལ་ཞིབ་འཇུག་གམ་ལག་རྩལ་ཇུས་འགོད་སོགས་ཀྱེ་གཞི་འཛིན་སའི་གྲངས་ཀའོ།།
༢༢ རིགས་དབྱེ།﹙assorting; classify; sub-group分类﹚བྱ་དངོས་ཁྱེད་ཆོས་གཞིར་བཟུང་ནས་ཁག་སོ་སོར་ཕྱེས་པའི་རིགས་སོ།།
༢༣ མཐུད་ཁོང།﹙interface接口﹚གློག་སྐུད་སོགས་ཀྱི་སྣེ་མོ་མཐུད་སའི་ཁུང་བུའོ།།
༢༤གཤིས་ནུས།(Performance; property 性能)འཕྲུལ་ཆས་དང་དངོས་རྫས་སོགས་ལ་རང་གཤིས་སུ་གནས་པའི་ངོ་བོ་དང་ནུས་པའོ།།
༢༥རླུང་འཁོར། (electric fan 风扇)གློག་གིས་བསྐོར་བར་བྱ་བའི་རླུང་ཡབ་འཁོར་ལོའོ།།

《རྩིས་འཕྲུལ་ལ་འཇུག་པའི་སྒོ》་ལས་བཤུས།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།