སྨོན་ལམ་ཚིག་མཛོད་ལེགས་འགྲུབ་དང་འགྲེམས་སྤེལ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། མཆོད་མེ་དྲ་བ། རྡེབ་ཚད། སྤེལ་དུས། 10/11/16

ེགས་གྲུབ་བྱུང་། ཚིག་མཛོད་འདིར་མ་ཚིག་འབུམ་གཉིས་ལྷག་དང་ཡིག་འབྲུ་ས་ཡ་བཞི་ལས་བརྒལ་བ་དང་། དེ་ལས་བོད་ཡིག་ཚིག་མཛོད་ནི། དེ་སྔ་ཁྱབ་རྒྱ་ཆེ་བའི་བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དག་ཡིག་གསར་བསྒྲིགས་རྨང་གཞིར་བཞག་ནས་གྲུབ་ལ། དབྱིན་བོད་ཚིག་མཛོད་ནི་སྐུ་ཞབས་ཀརྨ་སྨོན་ལམ་གྱི་དབྱིན་བོད་ཚིག་མཛོད་གསར་མ་ཞེས་པ་རྨང་གཞིར་བཟུང་ཐོག་ཐ་སྙད་གསར་པའི་འགྲེལ་བཤད་གལ་ཆེ་བ་མང་དག་ཅིག་ཁ་སྣོན་བྱས་པ་དང་། བོད་དབྱིན་ཚིག་མཛོད་ལ་མ་ཚིག་གི་རྣམས་གྲངས་༩༠༠༠༠་ལྷག་དང་། དེ་ཡང་བོད་ཀྱི་རིག་གནས་ཀྱི་གལ་ཆེ་ས་དང་ཁྱབ་ཡངས་ས་ཤ་སྟག་གིས་གྲུབ་ཡོད། བོད་རྒྱ་དབྱིན་གསུམ་གྱི་རྒྱུན་བཀོལ་མིང་མཛོད་ལ་སྣོན་འཕྲི་གང་ཡང་མེད་པར་རང་སོར་བཞག་པ་དང་། སྤྱིར་བཏང་གི་ཐ་སྙད་ཕལ་མོ་ཆེར་ཡིག་བསྒྱུར་གྱི་ཆ་རྐྱེན་ཀྱང་འཐུས་ཚང་དུ་ཡོད་སྟབས། ཚིག་མཛོད་འདིས་བོད་དབྱིན་འབྲི་ཀློག་སྦྱོང་གསུམ་དང་། ཡིག་བསྒྱུར་བཅས་ལ་ཕན་ཐོགས་མི་དམན་པ་འབྱུང་ངེས་ཤིང་། རྩོམ་སྒྲིག་ཚན་པ་དང་། ཡུལ་སྐོར་རང་བཞིན་གྱི་རིག་གནས་ལས་རིག་པ་དག་ལ་སྟབས་བདེ་ཞིང་ཆ་རྐྱེན་འཛོམས་པའི་ཞབས་འདེགས་རྒྱ་ཆེར་ཞུ་ངེས་ཡིན་ཞེས་གསལ་བ་མ་ཟད། མཐའ་དོན་ཁོང་གིས་གསར་འགོད་བརྒྱུད་ལམ་ཁག་གིས་ཚིག་མཛོད་འགྲེམས་སྤེལ་དང་བེད་སྤྱོད་གཏོང་ཕྱོགས་བཅས་ལ་རམ་འདེགས་རྒྱ་ཆེར་ཡོང་བའི་འབོད་སྐུལ་བཅས་ཞུས་ཡོད་པ་རེད། 
        གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་དེ་སྔ་སྨོན་ལམ་བོད་ཡིག་དང་པོ་དང་། གཉིས་པ། གསུམ་པ། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་བཅས་འགྲེམས་སྤེལ་གནང་ཡོད་ལ། ཐེངས་འདིའི་ཚིག་མཛོད་ནི་ཁོང་གིས་བཟོ་སྐྲུན་གནང་བའི་སྨོན་ལམ་བོད་ཡིག་མཉེན་ཆས་ལྔ་པ་དེ་ཡིན་འདུག གཞན་ཡང་ཐེངས་འདིར་སྨོན་ལམ་བོད་ཡིག་གསུམ་པར་ཁ་སྣོན་དང་བསྐྱར་བཅོས་ཀྱིས་སྨོན་ལམ་བོད་ཡིག་༣.༡ ཅན་གྱི་མཉེན་ཆས་ཤིག་ཀྱང་འགྲེམས་སྤེལ་གནང་ཡོད་པ་དང་། སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་ཕབ་ལེན་བྱེད་འདོད་མཁན་རྣམས་ཀྱིས་གཤམ་གྱི་སྦྲེལ་ཐག་འདིར་མནན་ན་ཕབ་ལེན་བྱ་ཐུབ། www.4shared.com/get/0o_FOTWt/Monlam_Dictionary.html

 

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།