སློབ་ཚན་ཁྲིད་ཐབས་དེ་བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་དགོས་འདུན་དང་བསྟུན་དགོས་པའི་སྐོར་གླེང་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྡེབ་ཚད། སྤེལ་དུས། 11/01/27

ཉི་མ་བཀྲ་ཤིས་དང་སྐལ་བཟང་ཚེ་དབང་། བོད་ལྗོངས་ཉིན་རེའི་ཚགས་པར།

       སློབ་གསོ་ནི་མིའི་རིགས་ཀྱི་བྱང་ཚད་དང་།ཚན་རྩལ།གསར་གཏོད་ནུས་པ་གོང་མཐོར་གཏོང་བའི་རྩ་་བའི་ལམ་སྟོན་ཡིན་ལ་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་བརྩོན་ལེན་བྱེད་པའི་གསོན་ཤུགས་ཤིག་ཀྱང་ཡིན།ང་ཚོས་དེང་སྐབས་རྒྱལ་ཡོངས་ས་ཕྱོགས་གང་སར་ལག་ལེན་གྱི་མཐོ་རླབས་དྲག་པོ་འཕྱུར་བཞིན་པའི་བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་དམིགས་ཚད་གསར་པ་དང་འཆར་གཞི་གསར་པའི་ཁ་ཚ་དགོས་གཏུག་་གི་དགོས་འདུན་བཞིན་བསླབ་གཞི་གསར་པའི་ལག་ལེན་དངོས་ནང་སློབ་མ་རྣམས་ཇི་ལྟར་བྱས་ནས་སྤྲོ་སྣང་་་་དང་།གསོན་ཤུགས་འཕེལ་བ་བཅས་ཀྱི་སློབ་ཁྲིད་བྱ་ཐབས་སྐོར་ལ་རང་གི་མྱོང་བ་འགའ་བརྗོད་པར་འདོད།
       དང་པོ། སློབ་ཁྲིད་འཆར་འགོད་ཐད་ངེས་པར་དུ་འཕྲི་སྣོན་དང་བླང་དོར་བྱེད་དགོས་པ། ༡.སློབ་ཁྲིད་འཆར་འགོད་དངོས་ནང་བཤེས་གཉེན་ཚོས་རྒྱུན་གཏན་སློབ་ཁྲིད་ཞིབ་འཇུག་སྐབས་རང་་་བློའི་ཐུན་མོང་མ་ཡིན་པའི་ངོ་མཚར་དྲན་འཆར་དང་ཐབས་ཤེས་གསར་པ་ཁྲིད་ཐབས་ཐད་ཀྱི་སྣང་ཚུལ་དང་་དེ་བཞིན་སློབ་མའི་རིག་སྟོབས་དང་སྤྲོ་སྣང་འཕེལ་བའི་ཤེས་བྱའི་ནང་དོན་དག་འགོད་དགོས་ཀྱི་འདུག་སྙམ། ༢.འཆར་འགོད་དངོས་ནང་དགེ་རྒན་གྱིས་བཤད་རྐྱང་འབྲི་རྐྱང་དང་སློབ་མས་ཉན་རྐྱང་བཤུ་རྐྱང་བྱེད་པའི་གོམས་གཤིས་དག་རིམ་བཞིན་བཅོས་པའི་ཕྱིར་སློབ་ཐུན་གྱི་བར་མཚམས་ནས་བསླབ་གཞིའམ་དུས་མཚམས། མིང་ཚིག སློབ་མ་ག་གེ་མོའི་སྤྱོད་པ་དང་འདྲ་ཞིང་འབྲེལ་བའི་སྒྲུང་གཏམ་དང་། དེ་བཞིན་ལོ་རྒྱུས་དང་།དམངས་གཞས།གསར་འགྱུར་སོགས་གསབ་ནས་སློབ་ཐུན་འཁྲུག་ཆ་དོད་པོ་དང་ནང་་་་དོན་གཏིང་ཟབ་ཏུ་གཏོང་དགོས། ༣.འཆར་བཀོད་དངོས་ནང་ཚོགས་ཐེངས་ངོ་རེར་དགེ་རྒན་ནས་སྐར་མ་སུམ་ཅུ་རང་ཉིད་ལ་དབང་བ་ཕུད་དེ་མིན་སྐར་མ་བཅོ་ལྔ་གུ་ཡངས་པའི་ཕྱིར་སློབ་མར་སྤྲད་དེ་ཁོང་ཚོ་དང་ནང་དོན་གང་གི་ཐད་མཉམ་དཔྱད་གྲོས་བསྡུར་བཅས་བྱས་ཏེ་ཤེས་དང་ཤེས་མིན་སྦྱོང་བརྡར་དང་ངག་རྒྱུགས་གསོན་པོ་ལེན་ཐབས་ཐོག་ལའང་ཞིབ་ཕྲ་འགོད་དགོས་པ་ཡིན། ༤.འཆར་འགོད་དངོས་ནང་དགེ་རྒན་གྱིས་སྔོན་ནས་འཚོལ་དཔྱད་བྱས་ཏེ་དཔེ་གཞུང་དང་བསྟན་བཅོས་གང་འདྲ་ཞིག་གི་ནང་ནས་སྒྲ་སྦྱོར་དཀའ་བའི་ཚིགས་བཅད་དང་སྡེབ་སྦྱོར་དཀའ་བའི་ཚིག་ལྷུག་དག་སློབ་གྲབས་སུ་བཀོད་ནས་སློབ་མ་ངོ་རེར་ལྷོགས་རྩལ་དང་བློ་གཤོངས་སྦྱོང་བརྡར་བྱེད་ཐབས་བསྟན་དགོས་ལ་ད་དུང་མཆན་འགྲེལ་དུ་མ་ཚུད་པའི་བསླབ་གཞིའི་ནང་གི་མིང་ཚིག་འགངས་ཆེ་བ་དག་ལ་དམིགས་བཀར་གྱི་འགྲེལ་པ་དང་སྤྱོད་གོ་བསྟན་དགོས། 
       གཉིས་པ། ཕྱོགས་བསྡུས་ཀྱི་བྱེད་སྒོ་སྤེལ་ཐབས་ཐད་བཏང་སྙོམས་བྱེད་དགོས་པ། སློབ་གྲྭའི་ནང་ཡིག་རྩིས་སོགས་ཀྱི་འགྲན་བསྡུར་བྱེད་སྒོ་སྤེལ་བ་དང་བྱེད་སྒོའི་ནང་ཞུགས་རྒྱུ་ནི་སློབ་་་མ་འགས་བྱ་དགའ་ཐོབ་ཕྱིར་དང་གཟི་བརྗིད་སྙན་གྲགས་བརྩོན་ལེན་བྱེད་རྒྱུར་ངོས་འཛིན་བྱེད་ཀྱི་ཡོད།དོན་དམ་དུ་སྣ་མང་བྱེད་སྒོའི་ནང་རྩོལ་བ་འདོན་པའི་དམིགས་བྱ་ལྟེ་བ་ནི་སློབ་མ་རྣམས་ཕྱོགས་ཡོངས་དང་ཐུན་མོང་ཐོག་འདྲ་མཉམ་ཡར་རྒྱས་ཡོང་ཆེད་དུ་ཡིན།འོན་ཀྱང་ད་བར་སློབ་གྲྭ་མི་ཉུང་བ་ཞིག་གིས་རིག་སྟོབས་དང་། རྩོམ་ཡིགཡིག་གཟུགས་སོགས་རྣམ་གྲངས་མང་པོའི་འགྲན་བསྡུར་ནང་སློབ་མ་ལེགས་པ་ཁོ་ན་བདམས་པ་མ་གཏོགས་བློ་གྲོས་ཀྱི་ནུས་པ་ཅུང་དམན་པའི་སློབ་མའི་ནང་གོ་སྐབས་དང་མཐུན་རྐྱེན་ཐོབ་ཀྱི་མེད་སྟབས་ཁོང་ཚོའི་སེམས་ལ་བརྗོད་མི་ནུས་པའི་གནོན་ཤུགས་བྱུང་སྟེ་རང་ཉིད་སློབ་གྲལ་ནས་ཕུད་ཟིན་པ་ལྟ་བུའམ་དགེ་རྒན་གྱིས་མངོན་སུམ་འཛེམ་མེད་དུ་ཉེ་ཆགས་གཞན་སྡང་བྱས་པའི་འཆར་སྣང་བྱུང་སྟེ་ཐ་ན་བྱེད་སྒོ་སྤེལ་རིམ་བཞིན་ཁོང་ཚོའི་བསམ་བློའི་འཁྱེར་སོ་ནི་འགན་འཁྲི་དང་སེམས་ཁྲལ་གང་ཡང་མེད་པར་ལྐོག་ཏུ་རང་མོས་བཞིན་རྩེད་མོ་རྩེ་བ་དང་ལྟད་མོ་ལྟ་བ་ཙམ་ལས་རིག་པ་སྒྲིམ་མི་དགོས་པའི་ངོས་འཛིན་གྱི་ཡོད།དཔེར་ན།འཛིན་གྲྭའི་ནག་་་པང་ཚགས་པར་ལ་ཆ་བཞག་ནས་བརྗོད་ན་ལོ་རིམ་དྲུག་པར་སློབ་འགོ་ཚུགས་སྐབས་སློབ་མ་ཕལ་ཆེ་བས་ངས་་་ཤེས་ངས་ནུས་ཞེས་དང་བླངས་དང་ཧབ་འཐོབ་བྱེད་ཀྱི་ཡོད་ཀྱང་འཛིན་བདག་ནས་ངས་ཤེས་ངས་ནུས་ཟེར་བའི་སློབ་མ་ཁོ་ནར་མ་སྤྲད་པར་འཛིན་གྲྭ་ཡོངས་ཀྱི་སློབ་མ་བཞི་ཙམ་ཚོགས་ཆུང་དུ་བགོས་ཏེ་ཚོགས་ཆུང་དང་པོར་འཛིན་བདག་རང་ཉིད་ནས་ནང་དོན་འདོན་ཐབས་དང་འཆར་འགོད་རི་མོ་སོགས་འདོན་རོགས་བྱས་ཕྱིན་ཕྱིས་སུ་ཚོགས་ཆུང་གཞན་ཚོས་ཀྱང་གཅིག་ཤེས་ཀུན་གྲོལ་དང་ཟུར་བསྟན་ལེབ་མཐོང་གི་ནུས་པ་ཐོན་ནས་མཐར་འཛིན་གྲྭའི་སློབ་མ་ཚང་མས་ནགས་པང་ཚགས་པར་འདོན་པའི་འཇོན་ཐང་རང་རྐྱ་འཕེལ་བ་ཞིག་ཆགས་ངེས་རེད།
         གསུམ་པ། སློབ་གྲྭ་དང་ཁྱིམ་བདག་དབར་ཉམས་མྱོང་སྤེལ་རེས་བྱེད་དགོས་པ། ཁྱིམ་བདག་ནི་ཕྲུ་གུའི་དགེ་རྒན་དང་པོ་དེ་ཡིན་ལ་ཟ་སྡོད་གནས་མལ་གང་ཅིར་ཕྱི་རབས་རྣམས་ལ་ཡ་རབས་གོམས་གཤིས་དང་ཚུལ་མཐུན་མིག་དཔར་སྟོན་པའི་དཔེ་མཚོན་བཟང་ཤོས་དེ་ཡིན།འོན་ཀྱང་རང་རེའི་་་ཁྱིམ་བདག་མི་ཉུང་བ་ཞིག་གིས་བུ་ཕྲུག་རྣམས་ལ་ཁ་ཏ་བསླབ་བྱ་གནད་དུ་འཕིགས་པ་ཞིག་གཏོང་ཤེས་ཀྱི་མེད་པས་ཁོང་ཚོས་ཕྲུ་གུར་བརྒྱབ་པའི་སློབ་གསོར་རྒྱུ་མཚན་དང་གནས་ལུགས་གཏིང་ཟབ་པོ་མེད་ཀྱང་སློབ་མའི་སེམས་ཁམས་སུ་གནས་སྐབས་རིང་དགེ་རྒན་གྱིས་བཤད་པ་ལས་ནུས་པ་དང་བག་ཆགས་ཆེས་ཆེ་བ་ཡོད།རྒན་རབས་འགས་རྒྱུ་དུ་སྒྱིད་ལུག་བྱེད་མི་འོས་པ་སོགས་མིང་རྐྱང་ཁོ་ན་སྤྱད་ནས་སློབ་གསོ་གཏོང་གི་ཡོད་ཀྱང་ནུས་པ་དེ་ཙམ་ཐོན་གྱི་མེད་ཅིང་།རྒྱུ་མཚན་ནི་ཁོང་ཚོས་གནས་ལུགས་རྒྱུ་མཚན་དྲངས་མི་ཐུབ་ལ་ཁྲིམས་ལུགས་དང་།ཀུན་སྤྱོད་།ལོ་རྒྱུས་སོགས་དང་འབྲེལ་ནས་བརྗོད་མི་ཐུབ་པས་རེད།རང་རེའི་ཁྱིམ་བདག་ཚོས་སློབ་མ་ཚོར་སློབ་་་སྦྱོང་བྱས་པའི་ཕན་ཡོན་དང་།ཁྲིམས་སྲུང་བའི་དགེ་མཚན།མ་སྲུང་བའི་ཉེས་སྐྱོན་སོགས་གནས་ལུགས་རྒྱུ་མཚན་དྲངས་ཐུབ་ན་སློབ་གསོའི་ནུས་པ་ཐོན་གྱི་རེད།ལྷག་པར་དུ་སློབ་གྲྭས་དུས་རྟག་ཏུ་ཁྱིམ་བདག་དང་ཉམས་མྱོང་་་སྤེལ་རེས་བྱེད་དགོས་པ་མ་ཟད།ཁྱིམ་བདག་དང་སློབ་མའི་སློབ་སྦྱོང་དང་བསམ་སྤྱོད་ཐད་ངང་རྒྱུད་རིང་པོས་་་བསམ་ཚུལ་བརྗེ་རེས་བྱས་ན་སློབ་མའི་ཕྱོགས་བསྡུས་ཀྱི་བྱང་ཚད་གོང་མཐོར་གཏོང་ཐུབ་སྙམ་མོ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།