མཐོ་འབྲིང་ལོ་རིམ་དང་བོའི་བོད་ཡིག་གི་བར་རྒྱུགས་རྒྱུགས་གཞི།

སྤེལ་མཁན། Admin རྡེབ་ཚད། སྤེལ་དུས། 11/01/27

གཅིག གཤམ་གྱི་མིང་ཚིག་ལ་འགྲེལ་བ་རྒྱག་ཤེས་སམ། (རེར་སྐར་༡ལ་བསྡོབས་སྐར་༡༥ )
དཔག་ཚད                                   མཆོད་ཡོན
གཡོ་ཟོལ                                     བརྟུལ་ཞུགས
དམུ་རྒོད                                     དཔྱིས་ཕྱིན་པ
མགོ་བོ་འཐོམས                              བཙས
མུ་ཏོ་བ                                       ཟུར་ཆག་པ
མཐར་འཁོབ                                 སྙིང་སྲིད།
དེད་དཔོན                                   གཞོམ་པ
ཀུ་རེ
གཉིས་པ།གཤམ་གྱི་མངོན་བརྗོད་ཀྱི་མིང་འབྲི་དགོས། (རེར་སྐར་༡ལ་བསྡོམས་སྐར༡༠)
གསེར་ལྡན་ལྗོངས།                        དྲི་བཞོན
ལྷ་ལམ                                     སྡེར་ཐོགས་རྒྱལ་པོ
ཉིན་མོར་བྱེད                              མཐོ་རུས
སྤྲིན་གྱི་མེ་ཏོག                             ས་འཛིན 
མགྲིན་བཟང                               ལུས་ཕྲ་མ
གསུམ་པ། སྣ་གཅིག་གདམ་བྱ།(རེར་སྐར་༢ལ་བསྡོམས་སྐར༡༦)
༡ད་ལྟ་ང་ཚོས་མཐོང་བའམ་འབྲི་བཞིན་པའི་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་འདི་ནི་བོད་ཀྱི་ཡིག་མཁན་གང་གི་ཕྱག་རྒྱུན་ཡིན ( )
ཀ ཐོན་མི་སམ་བྷོ་ཊ ཁ ཁྱུང་བོ་གཡུ་ཁྲི ག གྲ་ཤོ་རྣམ་གཉིས ང ཀ་ཁྱུང་རྣམ་གཉིས
༢ གཤམ་གྱི་ཚིག་རེ་ལས་ཝ་ཡེ་ཡི་སྦྱོར་ཚུལ་མི་འགྲིག་པ་ནི ( )
ཀ ཝ་ཡེ་དྲིན་ཆེན་སློབ་དཔོན་ཚུར་གསོན་དང་། ཁ ཝ་ཡེ་ས་ཆ་འདི་ནི་གང་ཞི་རེད།
ག བརྩོན་པ་བསྐྱེད་དེ་ཝ་ཡེ་སློབ་གྲོགས་ཚོ། ང བདག་གིས་བསྒོས་པའི་ཚིག་རྣམས་སེམས་སུ་ཟུངས་ཤིག་ཝ་ཡེ།
༣བླུན་པོ་བྱ་བ་གང་བརྩམས་ཀྱང་།།ཕྱིས་སུ་འཚེངས་པ་གཅིག་ཀྱང་མེད།།ཅེས་པ་ལས་འཚེངས་པའི་འགྲེལ་བཤད་བྱས་པ་འགྲིག་པ་ནི ( )
ཀ གནོད་འཚེ། ཁ ངོམས་པ ག བསྒྲུབས་པ། ང བྱེད་པ།
༤«དགེ་ལྡན་ལེགས་བཤད»ཅེས་པའི་ལེགས་བཤད་ཀྱི་རྩོམ་པ་པོ་ནི ( )
ཀ ས་སྐྱ་པཎྟི་ཏ ཁ གྲགས་པ་འབྱུང་གནས ག པཎ་ཆེན་བསོད་ནམས་གྲགས་པ། ང བན་དེ་བཀྲ་ཤིས
༥དཀར་གསལ་འོད་སྣང་བཀྲ་བའི་རས་གཞིའི་ངོས།།རྒྱང་རིང་ཡུལ་ལྗོངས་ངོ་མཚར་བཀོད་པའི་གཟུགས།།མངོན་སུམ་གསལ་འདི་འཕྲུལ་གྱི་མེ་ལོང་གི།།དཔེ་འོས་དེ་དང་མཚུངས་པའི་ཆོས་གཞན་ཅི།། ཞེས་པའི་དཔེ་བརྗོད་ནི ( )
ཀ ཕན་ཚུན་གྱི་དཔེ། ཁ དངོས་པའི་དཔེ། ག ངེས་པའི་དཔེ། ང ངེས་མེད་ཀྱི་དཔེ།
༦མཁས་པས་ཡོན་ཏན་ཁོང་དུ་སྦེད།།དེ་ལ་སྐྱེ་བོ་མང་དུ་འཁོར།།རྒྱ་མཚོའི་ནང་གི་ནོར་བུ་ལ།།དེད་དཔོན་མང་པོ་འཁོར་ལ་ལྟོས།།ཞེས་པའི་དཔེ་ཅན་ནི ( )
ཀ མཁས་པས་ཡོན་ཏན་གཞན་ལ་ངོམས་པ། ཁ སྐྱེ་བོ་མང་པོ་མཁས་པའི་མདུན་དུ་འདུ་བ། ག རྒྱ་མཚོའི་ནང་གི་ནོར་བུ་ལ་དེད་དཔོན་མང་དུ་འཁོར་བ། ང དེད་དཔོན་མང་པོ་མཁས་པའི་མདུན་དུ་འཁོར་བ། ༧ གཤམ་གྱི་མིང་འགྲེལ་ལ་འགྲེལ་བཤད་བྱས་པ་ཡང་དག་པ་ནི ( )
ཀ ཡིད་འཚིམ་པའམ་འདོད་པ་འཚིམ་པའི་དོན། ཁ ལོངས་སྤྱོད འཚོ་བ་རོལ་བྱེད་ཀྱི་ཟ་མ་དང་གོན་པ་སོགས་ཆ་རྐྱེན་གྱི་མིང་། ག བགས་ཀྱིས དལ་མོ་བྱེད་པའི་དོན། ང ཚེམས ལྕེ་ཡི་ཞེ་ཚིག
༨ གཤམ་གྱི་མངོན་བརྗོད་ལས་ཉི་མའི་མངོན་བརྗོད་ནི ( )
ཀ མཐོ་རུས ཁ ཆུ་སྐྱེས། ག སྲིད་པའི་སྒྲོན་མེ ང སྒྲ་འཛིན
བཞི་བ། གཤམ་གྱི་ཚིག་ལ་འགྲིག་མིན་བརྡར་ཤ་གཅོད་དགོས(རེར་སྐར་༡ལ་བསྡོམས་སྐར༡༠)
༡ ཁྱོད་ཀྱི་ཞལ་བཞིན་ཆུ་སྐྱེས་ཏེ།།ཆུ་སྐྱེས་བཞིན་དུ་ཁྱོད་ཀྱི་ཞལ།།ཞེས་པ་ནི་ཕན་ཚུན་གྱི་དཔེ་ཡིན། ( )
༢ རྒྱན་སྡུད་ལས་རྗེས་འཇུག་མེད་པའི་མཐར་རྐང་བ་སྐོང་དགོས་ན་སྦྱོར་དགོས། ( )
༣ གཅོང་རོང་ཞེས་པ་ནི་ལུང་བ་ཟབ་མོ་འགྲམ་གཉིས་བྲག་གཟར་མོ་ཡིན་པའི་མིང་། ( )
༤སྟོད་ན་གྱེན་དུ་འཕྱོར་བའི་གངས་རི་སྟེ། །བར་ན་སྟུག་པོར་འཁྲིགས་པའི་ནགས་ཚལ་གང་།།ཞེས་པ་ནི་སྟེ་སྒྲ་མཚམས་སྦྱོར་བའི་ལྷག་བཅས་ལ་འཇུག་པ་ཡིན། ( )
༥བླུན་པོ་སྐྱིད་འདོད་ལེ་ལོའི་འདའ།།མ་བསླབས་ཡོན་ཏན་ཅི་ལ་འབྱུང་།།ཚོང་དང་ཞིང་ལས་མ་ནུས་པའི།ཁྱིམ་པ་ཕལ་ཆེར་དབུལ་ལ་ལྟོས་ཞེས་པའི་ཤོལོ་ཀ་འདིའི་ནང་དུ་བརྩོན་པ་མི་བྱེད་པར་ལེ་ལོ་དུས་འདའ་ན་འབྲས་བུ་ཅི་ཡང་མི་འབྱུང་པའི་གནས་ལུགས་བསྟན ( )
༦ མ་བུ་གཉིས་ཀྱི་མཛད་རྗེས་ལས་མ་ནི་གུང་ཁྲན་ཏང་ལ་གོ་དགོས། ( )
༧ བོད་ཀྱི་བཙན་པོ་དུས་རབས་ནི་གཉའ་ཁྲི་ལས་སྲོང་བཙན་གྱི་བར་ལ་ཟེར། ( )
༨ ཕྱུར་བུར་གཏམས་ཞེས་པ་ནི་འབྲུ་རིགས་དང་རྒྱུ་ནོར་སོགས་ལོངས་སྤྱོད་སྣ་ཚོགས་སྣོད་གང་བའི་དོན་ཡིན། ( )
༩་དཔེ་ཅན་དེར་དཔེ་གཅིག་བཀོད་དེ་དེ་དང་མཚུངས་པ་གཞན་ཡོད་ན་ཡང་དཔེ་ཅན་དེའི་དཔེར་འོས་སོ་ཞེས་པ་ནི་ངེས་པའི་དཔེ་ཡི་མཚན་ཉིད་ཡིན། ( )
༡༠སློབ་གྲྭར་སོང་ནས་སློབ་སྦྱོང་བྱེད་ཅེས་པ་ནི་ནས་སྒྲ་མཚམས་སྦྱོར་བའི་ལྷག་བཅས་ལ་འཇུག་པ་ཡིན། ( )
ལྔ་བ། གཤམ་གྱི་སྟོང་ཆ་ལ་ཁ་སྐོང་དགོས(རེར་སྐར་༡ལ་བསྡོམས་སྐར༢༠)
༡ རྒྱལ་པོ_____________གྱི་དུས་སུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སྟེ__________________________དང་ _______________________________དང____________________________བཅས་བསམ་ཡས་གཙུག་ལག་ཁང་གི་འགྲམ་དུ་ཡོད་པའི་སྒྲ་སྒྱུར་རྒྱ་གར་གླིང་དུ་འཛོམས་ཏེ།རྒྱ་གར་གྱི་བསྟན་བཅོས་མང་པོ་ཆ་ཚང་བར་བོད་ཡིག་ཏུ་བསྒྱུར་རོ།
༢རྒྱན་སྡུད་ཀྱི་ཕྲད་ནི་_______ཚིག་རྒྱན་དང________ཚིག་རྒྱན________བཅས་དོན་གསུམ་ལ་འཇུག་པ་ཡིན།
༣«མ་བུ་གཉིས་ཀྱི་མཛད་རྗེས»ཞེས་པའི་སློབ་ཚན་གྱི་རྩོམ་པ་པོ་ནི______________ཡིན་ལ།རྩོམ་དུ་བཀོལ་པའི་འབྲི་ཐབས་གཙོ་བོ་ནི__________________ཡིན།
༤________________________རྗེ་ས་ཀྱང་།ང་ན་མ་འ་ར་ལ་ཡང།།_________འང་ངམ་ཡང_________ཚེ་ཡང་འཐོབ་བོ ༥དམ་བཅའ་བའི་ལྷག་བཅས་ལ་ནང་གསེས་གསུམ་ཡོད་པ་ནི་___________________དང__________________།_____________________ཡིན།
༦ཉིན་མོར་བྱེད་པ་པད་མའི་ཚལ་ལ་བཞིན།།རྒྱ་བོད་མི་རིགས་མཛའ་ཞིང་མཐུན་པ་སྟེ།། ཡུལ་གྱི་བསྐལ་ཡང་མཛའ་བས་མི་གཏོང་ལྟར། །སྲིད་པའི་སྒྲོན་མེ་པད་མའི་ཚལ་དུ་རྩེན། །ཞེས་པའི་ནང་གི་དཔེ་ཅན་ནི________________________དཔེ་ནི_______________________________མཙུངས་པ་གསལ་བྱེད་ཀྱི་སྒྲ་ནི_______________________________མཚུངས་ཆོས་ནི་___________________ཡིན།
དྲུག་པ། ལྟ་ཀློག་གི་སྐོར།(རེར་སྐར་༢ལ་བསྡོམས་སྐར་༦)
༡ གཤམ་གྱི་ཤོ་ལོ་ཀ་བཀླགས་ནས་དྲི་བར་ལན་ཐོབས།(རེར་སྐར་༡ལ་བསྡོམས་སྐར་༦)
སྦྲང་རྩིའི་རོ་ལ་སྲེད་པའི་རྐང་དྲུག་བཞིན།།ལེགས་བཤད་འཚོལ་རྣམས་མཁས་པའི་མདུན་སར་རྒྱུ།།ལེགས་བཤད་དོན་དུ་གཉེར་བ་དེ་རྣམས་བཞིན།།སྦྲང་བུ་རྣམས་ནི་པད་མའི་ཚལ་དུ་འགྲོ།། (1)རྐང་དྲུག་ནི (2)འདི་ནི རྒྱན་གྱི་དཔེ་བརྗོད་ཡིན། (3)འདི་ནང་གི་དཔེ་ཅན་ནི (4)མཚུངས་ཆོས་ནི མཚུངས་པ་གསལ་བྱེད་སྒྲ་ནི (རེ་སྐར་༢ལ་བསྡོམས་སྐར་༦) ས་སྨྱུག་སྟེ། སུས་ཀྱང་མཐོང་ཆེན་བྱས་མ་མྱོང་པའི་རླབས་ཆེན་གྱི་དཔའ་བོ་ཞིག ལྷག་བསམ་ཟོལ་མེད་ཀྱིས་སྒོ་སམ་དང་བརྡར་དུས་ཁྱེད་ལ་འཁང་ར་ཡིས་དབེན་ཞིང་རང་སྐལ་ལ་བསྩལ་པའི་སྙིང་སྟོབས་ནམ་ཡང་ཞུམ་མ་མྱོང་། ཁོ་བོས་ཀ་མད་སུམ་ཅུའི་སྦྱོར་བ་ཐོག་མར་སློབ་དུས། ཁྱེད་ཀྱི་ལྷག་བསམ་སྒོ་སམ་གྱི་སྟེང་ན་འཚེར་ཞིང་།ཤེས་བྱའི་རྒྱུ་སྐར་ཁོ་བོའི་ཡིད་ཀྱི་མཐོངས་སུ་བཀྲ། ས་སྨྱུག་ལགས།རྨོངས་མུན་གྱི་ན་བུན་ཀུན་ནས་འཁྲིགས་ཤིང་རྗེས་ལུས་ཀྱི་ལྕགས་སྒྲོག་སྲ་ཞིང་མཁྲེགས་པའི་སྐབས་སུ།ཁྱེད་ཀྱིས་ཉི་འོད་ལྟ་བུའི་ཤེས་བྱ་དྲངས་ཏེ་ང་ཚོས་ཡིད་སེམས་སུ་རེ་གཞག་གི་དྲོད་ཁོལ་སྦྱིན། ༡ཚིག་ཐུང་དེ་ལས་བཀོལ་པའི་འབྲི་ཐབས་གཙོ་བོ་ནི ༢ཚིག་ཐུང་དེ་ལ་ཁ་བྱང་ཞིག་འཇོག་དགོས་ན ༣རྨོངས་མུན་གྱི་ན་བུན་དང་རྗེས་ལུས་ཀྱི་ལྕགས་སྒྲོག་གཉིས་ལས་དཔེ་དང་དཔེ་ཅན་ཕྲིས།
བདུན། རྩོམ་གྱི་སྐོར། (སྐར་༡༧) བླང་བྱ། ༡ ཁ་བྱང་རང་གིས་གཏན་འཁེལ་བྱོས། ༢རྩོམ་ལུས་གང་ཡང་ཆོག ༣ ཡིག་འབྲུ་༣༠༠ཡས་མས།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།