2011ལོའི་མཐོ་འབྲིང་མཐར་ཕྱིན་མཛད་སྒོ་སྤེལ་བ།
སྤེལ་མཁན། དབང་གྲགས།
ཡོངས་ཁུངས། ངེད་དྲ་བ།
རྡེབ་ཚད།
སྤེལ་དུས། 11/06/04
མཐོ་འབྲིང་མཐར་ཕྱིན་སློབ་མའི་མཐར་ཕྱིན་མཛད་སྒོ་སྤྱི་ཟླ་དྲུག་པའི་ཚེས་གཉིས་ཉིན་གཟབ་རྒྱས་ངང་བསྡུས། མཛད་སྒོའི་སྟེང་སློབ་གྲྭའི་འགོ་ཁྲིད་དག་གིས་སློབ་མ་ཚོར་མཇུག་མཐའི་ཁ་བརྡ་གནང་བ་དང་མཐོ་རྒྱུགས་ལ་ཞུགས་པའི་སྤོབས་པ་སྤྲད། དེའི་མཚུངས་སུ་སློབ་མ་ཚོས་སློབ་གྲྭའི་འགོ་ཁྲིད་དང་དགེ་རྒན་ལ་བཀའ་དྲིན་ཞུ་བའི་རྟགས་སུ་ལག་སྐྱེས་ཕུལ་བ་རེད། ད་ལོར་རང་རེའི་སློབ་གྲྭར་མཐོ་འབྲིང་མཐར་ཕྱིན་འཛིན་གྲྭ་བཞི་ཡོད་ལ། སྤྱི་བསྡོམས་སློབ་མ་206༼ཡུལ་ཤུལ་ཁུལ་གྱི་སློབ་མ་12འདུས༽ ཡོད། དེ་ལས་རང་ས་གནས་ཀྱི་རྒྱུགས་ལེན་ར་བ་ནས་མཐོ་རྒྱུགས་དངོས་ལ་ཞུགས་པའི་སློབ་མ་194ཡོད་པ་དང་། རིག་ཚན་ལ་རྒྱུགས་སྤྲོད་པའི་སློབ་མ་93དང་རྩིས་ཚན་རྒྱུགས་སྤྲོད་པའི་སློབ་མ་101ཡོད་པ་རེད།
|
དཔྱད་གཏམ་ཡོངས་ལ་བལྟ་བ།





