ཨོ་སོ་ཁྲི་རི་ལི་ཡའི་བྱམས་ལྡན་མི་སྣས་རང་རེའི་སློབ་གྲྭའི་སློབ་མར་རོགས་སྐྱོར་དངོས་རྫས་བྱིན་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 12/06/03

       རྨ་ལྷོ་ཁུལ་སློབ་གསོ་ཅུའུ་ཡི་འགོ་ཁྲིད་དག་གི་བརྩོན་ལེན་འོག་ཞང་ཀང་ཅིན་ཞིག་ཕན་བདེ་ཚོགས་པ་དང་ཟི་ལིང་ཞིན་ཡོན་རོགས་སྐྱོབ་ལྟེ་གནས་ཀྱི་འགོ་ཁྲིད་ཚོས་འབྲེལ་གཏུགས་བྱས་པ་བརྒྱུད། ཨོ་སོ་ཁྲི་རི་ལི་ཡའི་བྱམས་ལྡན་མི་སྣ་གསུམ་གྱིས་རྨ་ལྷོ་ཁུལ་གྱི་དཀའ་ཁག་ཡོད་པའི་བཅའ་སྡོད་སློབ་གྲྭ་དག་ལ་ཁྱོན་བསྡོམས་སྒོར་ཁྲི་82ཡིན་པའི་རོགས་སྐྱོབ་དངོས་རྫས་བྱིན་ཡོད་པ་རེད།
       ཐེངས་འདིའི་རོགས་སྐྱོབ་དངོས་རྫས་ལ་སྤུས་ལེགས་ཅན་གྱི་མལ་ཁང་གི་དགུན་ཆས་ཡིན་པ་རེད། དེ་ལས་རང་རེའི་སློབ་གྲྭར་རིན་གོང་སྒོར་ཁྲི་11.232ཅན་གྱི་དགུན་ཆས་ཆ་ཚང་208བྱིན་ཡོད་པ་རེད། (2.8*540=11.232)རེབ་འདིའི་བྱམས་ལྡན་མི་སྣ་དག་གི་རོགས་སྐྱོབ་བྱས་པ་འདིས་དཀའ་ཁག་ཅན་གྱི་སློབ་མ་མང་བོ་ཞིག་གི་མིག་སྔའི་དཀའ་ཁག་སེལ་ཡོད་པ་དང་། དེ་ལས་གལ་ཆེ་བ་ཞིག་ནི་སློབ་བུ་འདི་དག་ལ་སྤྱི་ཚོགས་ཀྱི་བྱམས་དང་སྙིང་རྗེ་ཟེར་བ་དངོས་སུ་ཤེས་རྟོགས་བྱུང་ཡོད་པ་དེ་རེད།

ཨོ་སོ་ཁྲི་རི་ལི་ཡའི་བྱམས་ལྡན་མི་སྣས་རང་རེའི་སློབ་གྲྭའི་སློབ་མར་རོགས་སྐྱོར་དངོས་རྫས་བྱིན་པ།

ཨོ་སོ་ཁྲི་རི་ལི་ཡའི་བྱམས་ལྡན་མི་སྣས་རང་རེའི་སློབ་གྲྭའི་སློབ་མར་རོགས་སྐྱོར་དངོས་རྫས་བྱིན་པ།

ཨོ་སོ་ཁྲི་རི་ལི་ཡའི་བྱམས་ལྡན་མི་སྣས་རང་རེའི་སློབ་གྲྭའི་སློབ་མར་རོགས་སྐྱོར་དངོས་རྫས་བྱིན་པ།

ཨོ་སོ་ཁྲི་རི་ལི་ཡའི་བྱམས་ལྡན་མི་སྣས་རང་རེའི་སློབ་གྲྭའི་སློབ་མར་རོགས་སྐྱོར་དངོས་རྫས་བྱིན་པ།

ཨོ་སོ་ཁྲི་རི་ལི་ཡའི་བྱམས་ལྡན་མི་སྣས་རང་རེའི་སློབ་གྲྭའི་སློབ་མར་རོགས་སྐྱོར་དངོས་རྫས་བྱིན་པ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།