དམའ་འབྲིང་གྲངས་རིག་སྐོར་གྱི་དཔེ་དེབ་གཉིས་པར་བསྐྲུན་འགྲེམ་སྤེལ་བྱས་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 12/06/04

       དེང་གི་དུས་འདིར་མི་རིགས་ཀྱི་སྐད་ཡིག་དང་མི་རིགས་ཀྱི་སློབ་གསོ་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བའི་རླབས་རྒྱུན་དང་བསྡོངས་ནས་རང་རེའི་གཞི་རིམ་ས་ཁུལ་དུའང་རང་གི་སྐད་ཡིག་དང་སློབ་གསོའི་ལས་དོན་ལ་བློ་དཀར་ཞིང་བརྩོན་པ་ཆེ་བའི་དགེ་རྒན་མི་ཉུང་བ་ཞིག་འཚར་ལོངས་འབྱུང་གིན་ཡོད་ཅིང་། རེབ་གོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་ཚེ་ལོ་རྒྱལ་ལགས་ཀྱང་དེའི་ཁྲོད་ཀྱི་གཅིག་ཡིན་པ་རེད། སྤྱི་ལོ༢༠༡༡ལོར་ཁོང་གིས་ལོ་ངོ་མང་པོའི་རིང་ལ་གྲངས་རིག་སློབ་ཁྲིད་བྱས་པའི་ཉམས་མྱོང་གཞིར་བཟུང་ནས་<<དམའ་འབྲིང་གྲངས་རིག་གི་ཟུར་ལྟའི་རྒྱུགས་གཞི་ཕྱོགས་བསྡུས>>ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པར་སྤྱི་ཚོགས་སྟེང་གི་གྲངས་རིག་མཁས་པ་དང་དགེ་སློབ་མང་པོའི་དགའ་བསུ་ཆེན་པོ་ཐོབ། ད་ལོ་ཡང་ཁོང་གིས་ལོ་རིམ་བདུན་པ་ནས་དགུ་བའི་དབར་གྱི་གྲངས་རིག་གི་ནང་དོན་གཙོ་བོ་ཡོངས་རྫོགས་སྡེ་ཚན་གྱི་རྣམ་པས་བཀར་ཏེ་<<དམའ་འབྲིང་གྲངས་རིག་གི་སྡེ་ཚན་རྒྱུགས་གཞི་ཕྱོགས་བསྡུས།>>ཅེས་པའི་དཔེ་དེབ་ལེགས་པོ་ཞིག་བསྒྲིགས་པས། རྒྱ་ཆེ་བའི་དགེ་སློབ་ཡོངས་ཀྱི་རེ་འདུན་སྐོང་ཐུབ་པར་ཡིད་ཆེས་ཟབ་མོ་ཡོད།
       དཔེ་དེབ་སྡེབ་ཉོ་བྱེད་འདོད་མཁན་ཡོད་ན་གཤམ་གསལ་ཁ་པར་ནས་འབྲེལ་བ་བྱས་ཆོག ལག་འཕྲིན།13139130445

དམའ་འབྲིང་གྲངས་རིག་སྐོར་གྱི་དཔེ་དེབ་གཉིས་པར་བསྐྲུན་འགྲེམ་སྤེལ་བྱས་པ།

དམའ་འབྲིང་གྲངས་རིག་སྐོར་གྱི་དཔེ་དེབ་གཉིས་པར་བསྐྲུན་འགྲེམ་སྤེལ་བྱས་པ།

 

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།