2012ལོའི་མཐོ་རྒྱུགས་འགྲན་རྩོད་ཁྲོད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 12/07/15

       རང་རེའི་སློབ་གྲྭའི་རྒྱ་ཆེ་བའི་དགེ་རྒན་དང་ལས་བཟོ་བའི་ཧུར་བརྩོན་གྱིས། བསྟུད་མར་ལོ་འགའ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་མྱོང་ལ། ཁྱད་པར་དུ་ད་ལོའི་མཐོ་རྒྱུགས་ཁྲོད་རང་རེའི་སློབ་གྲྭའི་རིག་ཚན་དང་རྩིས་ཚན་གྱི་རྒྱུགས་འཕྲོད་ཚད་དེ་93.7%ལ་སླེབས་པ་དང་། དངོས་གཞི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་ཡན་གྱི་སློབ་མ་80ཡོད། དེ་ལས་ཀྱང་ཉམས་དགའ་བ་ནི། ད་ལོའི་མཐོ་རྒྱུགས་ཁྲོད་རང་རེའི་སློབ་གྲྭའི་སློབ་མ་གསེར་བཟང་དང་རྡོ་རྗེ་ཚེ་རིང་། ནོར་བུ་རྡོ་རྗེ། བསོད་ནམས་སྒྲོལ་མ། ཕག་མོ་སྒྲོལ་དཀར་བཅས་ཀྱིས་བླངས་བའི་མཐོ་རྒྱུགས་སྐར་གྲངས་ནི་ཞིང་ཆེན་ཡོངས་ནས་ཨང་བཅུ་བའི་མདུན་གྲལ་དུ་ཚུད་ཡོད་ལ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་བསྡུ་སྐར་གྲངས་ཀྱི་རྟགས་ཚད་ལ་སླེབས་པས་མཐོ་རྒྱུགས་ལོ་རྒྱུས་ཁྲོད་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད།

2012ལོའི་མཐོ་རྒྱུགས་འགྲན་རྩོད་ཁྲོད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།