གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་2011-2012ལོའི་བར་གྱི་སློབ་ལོ་གཅིག་གི་བྱ་བའི་སྤྱི་སྡོམ་གྱི་མཛད་སྒོ་སྤེལ་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 12/10/15

       གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་2011-2012ལོའི་བར་གྱི་སློབ་ལོ་གཅིག་གི་བྱ་བའི་སྤྱི་སྡོམ་གྱི་མཛད་སྒོ་དེ་ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན་སློབ་གྲྭའི་རྩལ་སྦྱང་ར་བ་ནས་ཚོགས། ཚོགས་འདུ་འདིར་སློབ་གཙོ་ལོ་བྷེ་ལགས་ཀྱིས་འགོ་འཛིན་མཛད་ཅིང་སློབ་གསོའི་ལས་དོན་ལ་བློ་དཀར་བའི་དགེ་རྒན་ཕུལ་བྱུང་ཅན་དང་བསླབ་འབྲས་ལེགས་པའི་འཛིན་བདག དགེ་རྒན། ད་དུང་སྦྱངས་འབྲས་ལེགས་པའི་ཕུལ་བྱུང་ཅན་གྱི་སློབ་མ་དག་ལ་གཟེངས་བསྟོད་ཀྱི་བྱ་དགའ་གནང་ཡོད། ཐེངས་འདིའི་ཚོགས་འདུ་སྟེང་སློབ་གཙོས་འདས་པའི་ལོ་གཅིག་རིང་གི་སློབ་གསོ་བྱ་བར་སྤྱི་སྡོམ་བྱས་པ་དང་ནན་གྱིས་བཤད་དོན་“ད་ལོ་ནི་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་ལོ་རྒྱུས་སྟེང་བླངས་མ་མྱོང་བའི་གྲུབ་འབྲས་ཞིག་བླངས་ཡོད་པས་བྱ་དགའ་ཡང་སྒོར་ཁྲི་བརྒྱད་ལ་ཉེ་བ་ཞིག་གནང་ཡོད་ཟེར།”
       མཇུག་མཐར་སློབ་གཙོ་སྐར་མ་སྐྱབས་ཀྱིས་མཇུག་བསྡུ་བའི་གཏམ་བཤད་ཁྲོད་“ད་ལོར་བླངས་བའི་སློབ་གསོའི་གྲུབ་འབྲས་འདི་དག་ནི་འདིར་བཞུགས་ཀྱི་དགེ་སློབ་ཟུང་འབྲེལ་གྱི་གྲུབ་འབྲས་ཡང་དག་པ་ཞིག་ཡིན་པ་དང་ཕྱི་ལོར་ཡང་འདི་ལས་ལྷག་པའི་གྲུབ་འབྲས་ཞིག་ལེན་པར་སྨོན་འདུན་ཞུ་”ཟེར་བས། སློབ་གྲྭའི་ལུས་རྩལ་ར་བར་དགེ་སློབ་ཉིས་སྟོང་ལྷག་གི་ཐལ་མོ་རྡེབ་སྒྲས་ཁེངས་སོང་།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།