བོད་སྐད་གཙང་མའི་གཏམ་རྒྱུད་བཤད་པའི་འགྲན་བསྡུར་ཆེན་མོ་སྤེལ་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 12/11/06

བོད་སྐད་གཙང་མའི་གཏམ་རྒྱུད་བཤད་པའི་འགྲན་བསྡུར་ཆེན་མོ་སྤེལ་བ།

       རང་སློབ་གྲྭས་སློབ་ཕྱིའི་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།སྒོས་སུ་ཉམས་དམས་སུ་འགྲོ་བཞིན་པའི་བོད་ཀྱི་གནའ་བཤད་རིག་གནས་སྔོག་འདོན་དང་གོང་སྤེལ་དུ་གཏོང་བ། རྗེས་རབས་ན་གཞོན་དག་གི་སེམས་གཏིང་དུ་ཉར་ཕྱིར་རང་སློབ་གྲྭའི་བོད་ཡིག་སྡེ་ཁག་གིས་འགན་གཅིག་ལྕོགས་སུ་བཞེས་ཏེ་བོད་སྐད་གཙང་མའི་གཏམ་རྒྱུད་བཤད་པའི་འགྲན་སྡུར་ཆེན་མོ་དེ་ཟླ11པའི་ཚེས་3ཉིན་རྩལ་སྦྱང་ར་བ་དང་ལྒང་རྩེད་ར་བ་ནས་མཐོ་འབྲིང་དང་དམའ་འབྲིང་ཚན་སྐོར་གཉིས་སུ་བགོས་ཏེ་སྤེལ།
       འགྲན་སྡུར་ཁྲོད་འགྲན་ཞུགས་སློབ་གྲོགས60ལྷག་གི་སྨྲ་བརྗོད་དག་ཅིང་ལུས་ཀྱི་ཉམས་འགྱུར་གྱིས་ཕྱུག་ལ་གནའ་བཤད་རིག་གནས་ཀྱི་ཉིང་བཅུད་མངོན་པར་ཐོན་ཡོད་པས།སློབ་གྲོགས་གཞན་པ་དག་གི་ཡིད་སེམས་དབང་མེད་དུ་འཕྲོགས་ཤིང་།གནའ་བཤད་ལ་ དགའ་བའི་འདུན་པ་སྔར་ལས་ཇེ་དྲག་ཏུ་འགྲོ་བར་སྐུལ་འདེད་དང་གཞོགས་འདེགས་ཀྱི་ནུས་པ་གལ་ཆེན་ཞིག་ཐོན་ཡོད།

བོད་སྐད་གཙང་མའི་གཏམ་རྒྱུད་བཤད་པའི་འགྲན་བསྡུར་ཆེན་མོ་སྤེལ་བ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།