ཚོགས་ཆེན་ཐེངས་བཅོ་བརྒྱད་པར་སྔོན་བསུའི་གཏམ་བཤད་འགྲན་སྡུར་ཁྲོད་རང་སློབ་གྲྭའི་སློབ་མ་ལྷ་ཆེན་སྒྲོལ་མར་ཨང་དང་བོའི་བྱ་དགའ་ཐོབ་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 12/11/06

ཚོགས་ཆེན་ཐེངས་བཅོ་བརྒྱད་པར་སྔོན་བསུའི་གཏམ་བཤད་འགྲན་སྡུར་ཁྲོད་རང་སློབ་གྲྭའི་སློབ་མ་ལྷ་ཆེན་སྒྲོལ་མར་ཨང་དང་བོའི་བྱ་དགའ་ཐོབ་པ།

       ཟླ10བའི་ཚེས་29ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་ཀྱི་སྟེང་། གཅན་ཚ་རྫོང་གིས་"ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་སྔོན་བསུའི་གཏམ་བཤད་འགྲན་སྡུར་"དེ་རྫོང་མི་དམངས་སྲིད་གཞུང་གི་ཚོགས་འདུ་ཁང་ནས་གཟབ་རྒྱས་ངང་བསྡུས་པ་དང་། རྫོང་ཐོན་ཨུའི་ཧྲུའི་ཅི་ཚེ་རིང་བཀྲ་ཤིས་ཀྱིས་ཚོགས་འདུར་མགོ་འཛིན་བྱས། གཏམ་བཤད་འགྲན་བསྡུར་འདིའི་ནང་རྫོང་མི་རིགས་སློབ་འབྲིང་དང་རྫོང་མི་རིགས་སློབ་འབྲིང་གཉིས་པ། རྫོང་སློབ་འབྲིང་བཅས་ཀྱི་ཚབ་བྱེད་སློབ་མ་གསུམ་དང་རྫོང་མི་དམངས་སྲིད་གཞུང་གི་ལས་བྱེད་དང་བླངས་བ་དགུ་བཅས་བསྡོམས་པའི་འགྲན་ཞུགས་མི་སྣ་བཅུ་གཉིས་ཀྱིས་གཏམ་བཤད་སྤེལ། ཐེངས་འདིའི་གཏམ་བཤད་འགྲན་སྡུར་ཁྲོད་རང་སློབ་གྲྭའི་སློབ་མ་ཉི་ཤུ་ལྷག་སློབ་གྲྭའི་ཚབ་བྱས་ཏེ་ཚོགས་འདུར་ཞུགས་པ་དང་། རང་རེའི་སློབ་གྲྭའི་གཏམ་བཤད་མཁན་ཀྱི་ཚབ་བྱེད་མི་སྣ་སློབ་མ་ལྷ་ཆེན་སྒྲོལ་མས་དཔའ་ངར་ཞུམ་མེད་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས“ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་སྔོན་བསུ་ཞུ་”ཞེས་པའི་གཏམ་བཤད་སྤེལ་བས་རྒྱ་ཆེའི་ཚོགས་ཞུགས་མི་སྣ་དག་གིས་དགའ་བསུ་ཆེན་པོ་འཐོབ་ཅིང་། ཨང་དང་པོའི་བྱ་དགའ་བསྩལ་ནས་སྐུལ་ལྕག་བཏང་བ་རེད།

ཚོགས་ཆེན་ཐེངས་བཅོ་བརྒྱད་པར་སྔོན་བསུའི་གཏམ་བཤད་འགྲན་སྡུར་ཁྲོད་རང་སློབ་གྲྭའི་སློབ་མ་ལྷ་ཆེན་སྒྲོལ་མར་ཨང་དང་བོའི་བྱ་དགའ་ཐོབ་པ།

ཚོགས་ཆེན་ཐེངས་བཅོ་བརྒྱད་པར་སྔོན་བསུའི་གཏམ་བཤད་འགྲན་སྡུར་ཁྲོད་རང་སློབ་གྲྭའི་སློབ་མ་ལྷ་ཆེན་སྒྲོལ་མར་ཨང་དང་བོའི་བྱ་དགའ་ཐོབ་པ།

 

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།