མཐོ་འབྲིང་གཉིས་གཉིས་འཛིན་གྲྭའི«ཤོག་ལྷེ་གཅིག»ཅེས་པའི་དཔེ་དེབ་པར་བསྐྲུན་བྱ་བ་ལེགས་འགྲུབ་བྱུང་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 13/01/04

མཐོ་འབྲིང་གཉིས་གཉིས་འཛིན་གྲྭའི«ཤོག་ལྷེ་གཅིག»ཅེས་པའི་དཔེ་དེབ་པར་བསྐྲུན་བྱ་བ་ལེགས་འགྲུབ་བྱུང་བ།

        རང་སློབ་གྲྭའི་མཐོ་འབྲིང་གཉིས་གཉིས་འཛིན་གྲྭས་འཛིན་བདག་ཚེ་དབང་རིག་འཛིན་གྱི་མཛུབ་སྟོན་འོག་ཏུ་སློབ་གྲོགས་ཡོངས་ཀྱིས་མི་ཚེའི་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ། རིན་ཐང་ལྟ་ཚུལ་ཡང་དག་ཅིག་ཆགས་པར་དམིགས་ནས་བྱ་བཞག་ཅིག་གི་བློས་བསླངས་དང་དགའ་ཕྱོགས་ཤོག་དཀར་སྟེང་ཕབ་ནས་ཕྱོགས་བསྡུས་ཀྱིས«ཤོག་ལྷེ་གཅིག»ཅེས་པའི་དཔེ་དེབ་པར་བསྐྲུན་བྱས་ལ། རྒན་ཚེ་བརྟན་དང་དབང་གྲགས། སློབ་གཙོ་འཛིགས་བྱེད་བཅས་ཀྱི་རྒྱབ་སྐྱོར་འོག་ཏུ་ཟླ་འདིའི་ཚེས༢༧ཉིན་པར་བསྐྲུན་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་སྟེ་འགྲེམ་སྤེལ་བྱས། དཔེ་དེབ་འདིའི་ཁྲོད་དུ་སློབ་གྲོགས་སོ་སོས་རང་གི་བསམ་བློའི་དྭངས་མ་ལས་ཐོན་པ་དང་། མ་འོངས་བའི་བྱ་བཞག་དང་འབྲེལ་བའི་དགའ་ཕྱོགས་སྲོང་བོར་བརྗོད་ནས་རང་གི་སེམས་ཁོངས་སུ་ཉར་བའི་བརྗོད་འདོད་ཀྱི་དོན་ནམ་ལྟ་ཚུལ་དེ་ཤུགས་དྲག་གིས་མཚོན་ཡོད་ལ། རྩོམ་རིག་བརྩམས་ཆོས་ཀྱི་དྲི་མ་ཡང་འགོས་ཡོད་པས། ཐུན་མོང་གི་སྟོབས་ཤིག་དང་ལང་ཚོའི་ཉམས་འགྱུར་གྱི་གཟི་དཔལ་དེ་མངོན་ཡོད་ལ། གཞན་ལ་སྐུལ་འདེད་ཀྱི་ནུས་པ་ཆེས་ཆེར་ཐོན་ངེས་ཡིན།

༼སློབ་རའི་ཆ་འཕྲིན་པས་སྤེལ༽

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།