ཡིད་སེམས་འཕྲོག་པའི་བྱ་འགུལ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 13/05/28

ཡིད་སེམས་འཕྲོག་པའི་བྱ་འགུལ།

ཡིད་སེམས་འཕྲོག་པའི་བྱ་འགུལ།

       རང་སློབ་གྲྭས་བསྟུད་མར་ཉིན་གཉིས་ཀྱི་རིང་དབྱིན་ཡིག་ཤེས་བྱ་འགྲན་སྡུར་ཆེན་མོ་དང་རྒྱ་ཡིག་གི་ལམ་ནས་ཁ་ཤགས་བཤད་པའི་བྱ་འགུལ་སྤེལ་བར་རྒྱ་ཆེ་བའི་དགེ་སློབ་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ། 
       དེ་ཡང་འཛམ་གླིང་དང་དེང་རབས། མ་འོངས་བར་ཁ་ཕྱོགས་ན་དབྱིན་ཡིག་དང་། རྒྱ་ཡིག བོད་ཡིག་སྦྱང་དགོས་པར་འདུག་པས། རང་སློབ་གྲྭས་ཀྱང་ཁ་ཕྱོགས་འདིར་སྙེག་ནས་སློབ་མའི་འཕེལ་རྒྱས་གཞི་རྩ་བཟུང་སྟེ། ཕྱོགས་ཡོངས་ཀྱི་ནུས་རྩལ་སྦྱང་བརྡར་བྱེད་ཆེད་དབྱིན་ཡིག་གི་ཤེས་བྱ་འགྲན་རྩོད་དང་རྒྱ་ཡིག་གི་ལམ་ནས་ཁ་ཤགས་བཤད་པའི་འགྲན་སྡུར་བྱས། བྱ་འགུལ་འདི་ཕྱི་གླིང་བའི་དགེ་རྒན་ཧེམ་མེ་ཞིས་གཙོ་བྱས་པའི་དབྱིན་ཡིག་ལས་ཤག་ཁང་དང་རྒྱ་ཡིག་ལས་ཤག་ཁང་གཉིས་ཀྱིས་འགན་གཅིག་ལྩོགས་སུ་བཞེས་ནས་བསྟུད་མར་ཉིན་གཉིས་ཀྱི་རིང་སྟེ་ཟླ་འདིའི་ཚེས་༢༣དང་༢༤ཉིན་སློབ་རའི་རྩལ་སྦྱང་ར་བ་ནས་སྤེལ། འགྲན་ཞུགས་སློབ་གྲོགས་དག་གིས་རང་ལ་ཚད་མཐོན་པོའི་རེ་བ་ཞིག་གམ་ཡིད་ཆེས་ཤིག་དང་། སྤོབས་པ་ཞིག ཐུན་མོང་གི་བསམ་བློའི་སྒུལ་ཤུགས་ཀྱི་ཁྲོད་ནས་འགྲན་སྡུར་དུ་ཞུགས་ཡོད་ལ། ཁོ་ཚོས་མཛའ་བརྩེའི་ངང་ལ་རྒྱ་དང་རྒྱལ་ཁ་ཞིག་སེམས་ཁོང་དུ་རུམ་ནས་དྲི་གཞི་སོ་སོར་ལན་བཏབ་ཅིང་། འཕྲོག་རྩོད་ཀྱི་སྟོབས་ཤུགས་ཤིག་གིས་ཀྱང་ཀུན་ནས་བརྟས་ཡོད་པས་ན།འདི་ནི་ལྷད་མེད་དྭངས་གཙང་གི་ཐུན་མོང་རིང་ལུགས་ཀྱི་བསམ་པའི་སྟོབས་ཤུགས་ཤིག་མ་ཡིན་ནམ།
       ཐེངས་འདིའི་འགྲན་སྡུར་ནི་གཞི་རྒྱ་ཆེ་ལ་ནང་དོན་ཀྱང་ཕུན་སུམ་ཚོགས་པ་ཞིག་ཡིན་ཏེ། སྒྱུ་རྩལ་གྱི་ལམ་ནས་སྤྱི་ཚོགས་དང་སློབ་རའི་སྣང་ཚུལ་ངན་པ་མཐའ་དག་ལ་སུན་འབྱིན་དང་དགག་བཞག་སྤྲོས་ཏེ་རིག་གནས་ཀྱི་ཀྱི་ལས་ལ་སྐོམ་པའི་ཆུ་དང་ལྟོགས་པའི་ཟས་ལྟར་འབད་པ་དང་། མ་འོངས་བའི་རེ་སྙེག་གམ་ཕུགས་བསམ་དེ་རང་གི་སེམས་ཁོངས་སུ་ཉར་ཏེ་དམིགས་ཡུལ་དང་གཏད་སོ་ཡོད་པའི་སྒོ་ནས་མདུན་དུ་བསྐྱོད་པར་འབོད་སྐུལ་་བཏང་ཡོད། ཁོ་ཚོས་འདི་ལྟར་བསམས་གཞིག་དང་དོགས་སློང་གི་ཁྲོད་ནས་བསམ་བློ་གསར་བ་ཞིག་གི་དུང་བརྡ་བསྒྲགས་ཡོད་པར་མ་ཟད། སློབ་སྦྱོང་གི་འཚོ་བའི་ཁྲོད་རྒྱ་ཡིག་དང་དབྱིན་ཡིག་ལ་དུངས་ཞེན་དང་ཡང་དག་གི་འགྲན་རྩོད་ཀྱི་འདུ་ཤེས་ཤིག་ཆགས་པར་སྐུལ་འདེད་ཀྱི་ནུས་པ་ཞིག་ཀྱང་ཐོན་ཐུབ་བོ།།

ཡིད་སེམས་འཕྲོག་པའི་བྱ་འགུལ།

ཡིད་སེམས་འཕྲོག་པའི་བྱ་འགུལ།

༼སློབ་རའི་གསར་འགོད་ཚོགས་པས་སྤེལ།༽

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།