རྒྱའི་སྐད་ཡིག་གི་གར་ཆུང་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

སྤེལ་མཁན། གསར་འགྱུར་ཚན་ཆུང་། ཡོངས་ཁུངས། གསར་འགྱུར་ཚན་ཆུང་། རྡེབ་ཚད། སྤེལ་དུས། 13/11/22

 རྒྱའི་སྐད་ཡིག་གི་གར་ཆུང་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

ཉེ་བའི་ཉིན་འདི་འགའི་རིང་རང་སློབ་གྲྭས་གཅིག་གྱུར་གྱི་བར་རྒྱུགས་བླངས་པ་ཡིན་ལ། འགྲན་རྩོད་ཀྱི་ཚ་རླབས་ཁྲོད་ནས་སློབ་གྲོགས་སོ་སོའི་བརྩོན་ཤུགས་དང་བསྡོངས་ཏེ་གནོན་ཤུགས་གང་མང་ཞིག་གི་ཚོར་སྣང་འོག་ནས་ལུས་སེམས་དང་ཀླད་ཤུགས་ཐང་ཆད་པའི་གནས་བབས་བྱུང་བཞིན་ཡོད། དེར་དམིགས་ནས་རང་སློབ་གྲྭས་སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་། སློང་སྦྱོང་གི་འགྲན་རྩོད་ཀྱི་ཁོང་གསེང་ནས་རང་དབང་གི་ངལ་གསོའི་དུས་ཚོད་ཞིག་སྦྱིན་པར་རྒྱའི་སྐད་ཡིག་གི་གར་ཆུང་འགྲན་སྡུར་གྱི་སློབ་ཕྱིའི་བྱ་འགུལ་ཞིག་སྤེལ། 
      
བྱ་འགུལ་འདི་ཟླ་༡༡པའི་ཚེ་༢༡ཉིན་སློབ་གྲྭའི་རྩལ་སྦྱང་ར་བ་ནས་སྤེལ་བ་དང་། འགྲན་ཞུགས་སློབ་གྲོགས་ཡོངས་ཀྱིས་ནུས་རྩལ་སྦྱོང་བརྡར་དང་འཇོན་ཐང་ངོམ་པའི་རེ་འདུན་འཁྱེར་ནས་སྤོབས་པ་དང་སྙིང་སྟོབས་ཤིག་གིས་ཡོངས་སུ་སྐུལ་ཏེ། དགོད་བྲོ་བའི་ཉམས་འགྱུར་དང་ངོ་མཚར་བའི་བྱ་བྱེད། སྨྲ་དག་པའི་སྐད་ཆར་བརྟེན་ནས་ད་ལྟའི་སྤྱི་ཚོགས་སྟེང་གི་མི་ཁ་ཤས་ཤིག་གིས་རྒྱུ་འབྲས་དང་བདེན་པ་མི་སྐྱོང་ཞིང་། བདེན་རྫུན་ལེགས་ཉེས་གོ་ལྡོག་པའི་སྣང་ཚུལ་ངན་པར་ཟུར་ཟ་དགག་རྒྱག་བྱས་ཏེ། བདེན་ལུགས་ལ་བརྩི་མཐོང་དང་ཚུགས་ཐུབ་བརྟན་བརླིང་གི་རང་གཤིས་ཤིག་ཆགས་པར་སྐུལ་འདེད་བྱས་ཡོད།  ཞོར་དུ་ཕ་མ་དང་དགེ་རྒན་ལ་བརྩི་བཀུར་བྱེད་པའི་ཀུན་སྤྱོད་ཡག་པོ་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། སློབ་སྦྱོང་ལ་བླ་ལྷག་གིས་འབད་བརྩོན་བྱེད་དགོས་པའི་སྐུལ་མ་ཡང་གནང་ཡོད།

རྒྱའི་སྐད་ཡིག་གི་གར་ཆུང་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།