རང་སློབ་གྲྭས་སྐབས་བཅུ་གཅིག་པའི་ལུས་རྩལ་འགྲན་སྡུར་གྱི་སྔོན་བསུའི་རིག་རྩལ་འཁྲབ་སྟོནགྱི་བྱ་འགུལ་སྤེལ་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 14/04/30

རང་སློབ་གྲྭས་སྐབས་བཅུ་གཅིག་པའི་ལུས་རྩལ་འགྲན་སྡུར་གྱི་སྔོན་བསུའི་རིག་རྩལ་འཁྲབ་སྟོནགྱི་བྱ་འགུལ་སྤེལ་བ།

རང་སློབ་གྲྭས་སྐབས་བཅུ་གཅིག་པའི་ལུས་རྩལ་འགྲན་སྡུར་གྱི་སྔོན་བསུའི་རིག་རྩལ་འཁྲབ་སྟོནགྱི་བྱ་འགུལ་སྤེལ་བ།

         གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་སྐབས་བཅུ་གཅིག་པའི་ལུས་རྩལ་གྱི་འགྲན་སྡུར་གྱི་སྔོན་བསུའི་རིག་རྩལ་འཁྲབ་སྟོན་འགྲན་སྡུར་ཆེན་མོ་དེ་ཟླ་འདིའི་ཚེས་བཞི་དང་ལྔ་ ཉིན་དམའ་འབྲིང་དང་མཐོ་འབྲིང་སོ་སོ་ཚན་སྐོར་གཉིས་སུ་བགོས་ཏེ་སློབ་རའི་རྩལ་སྦྱང་ར་བ་ནས་སྤེལ་ཤིང་། སློབ་གྲོགས་སོ་སོས་རང་ཉིད་ཀྱི་འཇོན་ཐང་ངོམ་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རིག་གནས་ཏེ་བཤད་པ་དང་གླུ་གར། ཞབས་བྲོ། ཁ་ཤགས་སྒྱུ་རྩལ་སོགས་སློབ་རར་དྲངས་ནས་དགེ་སློབ་ཉིས་སྟོང་ལྷག་གི་སྤྱན་ལམ་དུ་ཕུལ་བ་དང་། སོ་སོའི་ངག་གི་འགྱུར་ཁུགས་དང་གར་གྱི་སྟང་སྟབས་ལས་སྲོལ་རྒྱུན་རིག་གནས་དང་གསར་བྱུང་རིག་གནས་ཟུང་དུ་སྦྲེལ་བའི་དེང་རབས་རིག་གནས་ཀྱི་དྭངས་མ་དེ་མངོན་པར་གསལ་ལ། བོད་ཀྱི་སྲོལ་རྒྱུན་དམངས་ཁྲོད་རིག་གནས་དེ་དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྟགས་མཚན་གལ་ཆེན་ཞིག་ཡིན། འདི་ལྟར་སློབ་ར་ནི་རིག་གནས་ཀྱི་མཁའ་དབུགས་སྟུག་པོས་བཏུམས་པའི་ཡོངས་འདུས་ཀྱི་དགའ་ཚལ་ཡིད་དུ་འོང་བ་ཞིག་རེད།
        ཐེངས་འདིའི་བྱ་འགུལ་གྱིས་ཕྱོགས་སོ་སོ་ནས་འོང་བའི་སྐུ་མགྲོན་དང་ལྟད་མོ་བ་རྣམས་པར་དགའ་སྟོན་གྱ་ནོམ་པ་ཞིག་གི་ཚུལ་དུ་འགྱུར་ངེས་ལ།མི་འགྱངས་བར་ཐོན་ལ་ཉེ་བའི་སྐབས་བཅུ་གཅིག་པའི་ལུས་རྩལ་འགྲན་སྡུར་ལ་ཕྱྭ་གཡང་སྩོལ་ངེས་པ་དང་འགྲན་ཞུགས་ལུས་རྩལ་པ་ཡོངས་ལ་སྔར་མེད་ཀྱི་སྤོབས་པ་དང་ཡིད་ཆེས་སྟེར་ངེས་སོ།།༼སློབ་རའི་གསར་འགྱུར་ཚན་ཆུང་༽ནས་སྤེལ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།