རང་སློབ་གྲྭའི་གུང་གཞོན་ཚོགས་པའི་རྩ་འཛུགས་འོག་ཀྲུང་གོའི་འདུན་མ་ཞེས་པའི་དཔེ་དེབ་པར་སྐྲུན་ལེགས་འགྲུབ་བྱུང་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 14/05/16

རང་སློབ་གྲྭའི་གུང་གཞོན་ཚོགས་པའི་རྩ་འཛུགས་འོག་ཀྲུང་གོའི་འདུན་མ་ཞེས་པའི་དཔེ་དེབ་པར་སྐྲུན་ལེགས་འགྲུབ་བྱུང་བ།

        ཉེ་བའི་ལོ་འགའི་རིང་། རང་སློབ་གྲྭའི་གུང་གཞོན་ཚོགས་པས་ཏང་གི་ཡང་དག་པའི་དབུ་ཁྲིད་འོག་"མི་རིགས་མཐུན་སྒྲིལ་དང་ཀྲུང་གོའི་འདུན་མ། རྒྱལ་གཅེས། བཀའ་དྲིན་"མཚོན་པའི་བྱ་འགུལ་སྣ་ཚོགས་སྤེལ་ནས་རང་སློབ་གྲྭའི་ཕྱི་ནང་ཀུན་ཏུ་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།
        ཐེངས་འདིར་ཡང་རང་སློབ་གྲྭའི་གུང་གཞོན་ཚོགས་པའི་ཚོགས་གཙོ་རྒན་ཚེ་དབང་རིག་འཛིན་ལགས་ཀྱིས་སྣེ་ཁྲིད་བྱས་ཏེ་སློབ་ར་ནས་རྒྱལ་གཅེས་དང་སྤྱི་ཚོགས་འཆམ་མཐུན། ཀྲུང་གོའི་འདུན་མ་དང་འཕེལ་རྒྱས་སྐོར་གླེང་བའི་ལེགས་རྩོམ་འཚོལ་སྡུད་ཀྱིས་ཀྲུང་གོའི་འདུན་མ་ཞེས་པའི་དཔེ་དེབ་སྒྲིག་ནས་པར་སྐྲུན་ལེགས་འགྲུབ་བྱུང་ལ། རྩོམ་ཡིག་སོ་སོའི་བརྗོད་བྱ་དང་རྗོད་བྱེད། རྩོམ་རྩལ་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་སློབ་འབྲིང་སློབ་མ་ཞིག་གི་ངོས་ཐད་ནས་ལྟོས་བཅས་ཀྱིས་ཅུང་ལེགས་འགྲུབ་བྱུང་འདུག རྩོམ་ཡིག་སོ་སོ་ལས་ན་གཞོན་སློབ་མ་རྣམས་ཀྱི་རྒྱལ་གཅེས་དང་ཁྲིམས་ལུགས་སྲུང་བའི་འདུ་ཤེས། ཀྲུང་ཧྭ་བསྐྱར་དར་དང་ཀྲུང་གོའི་འདུན་མ་མངོན་འགྱུར་ཡོང་བའི་རེ་འདུན་མངོན་པར་མཚོན་ཡོད།
        ཐེངས་འདིར་ཀྲུང་གོའི་འདུན་མའི་དཔེ་དེབ་འགྲེམ་སྤེལ་བྱས་པ་དེས་སློབ་གྲོགས་རྣམས་ཀྱི་རྒྱལ་གཅེས་ཀྱི་འདུ་ཤེས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཁྲིམས་ལུགས་ཤེས་བྱ་ཤེས་རྟོགས་བཅས་བྱས་ཏེ་ཀྲུང་གོའི་འདུན་མ་མངོན་འགྱུར་ཡོང་བར་འབད་པའི་བློ་སྟོབས་སྔར་ལས་འཕེལ་ཞིང་ཁོ་ཚོའི་སེམས་ཁོང་དུ་ལུས་སེམས་འབུལ་བའི་འདུན་མ་ཞིག་ངང་གིས་འགྲུབ་ངེས་སོ།། ༼སློབ་རའི་གསར་འགྱུར་ཚོགས་པས་སྤེལ།༽

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།