དབྱིན་ཇིའི་རྒྱལ་སྤྱིའི་རོགས་སྐྱོབ་ཐེབས་རྩ་ཚོགས་པས་ངེད་སློབ་གྲྭའི་བཟང་གསུམ་སློབ་མར་བྱ་དགའ་གནང་བའི་ཚོགས་འདུའི་མཛད་སྒོ་གཟབ་རྒྱས་ངང་བསྡུས།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 14/06/03

 དབྱིན་ཇིའི་རྒྱལ་སྤྱིའི་རོགས་སྐྱོབ་ཐེབས་རྩ་ཚོགས་པས་ངེད་སློབ་གྲྭའི་བཟང་གསུམ་སློབ་མར་བྱ་དགའ་གནང་བའི་ཚོགས་འདུའི་མཛད་སྒོ་གཟབ་རྒྱས་ངང་བསྡུས།

       རྒྱལ་སྤྱིའི་ཨ་དཀོན་རིན་པོ་ཆེའི་རོགས་སྐྱོར་ཚོགས་པའི་ཚོགས་མི་གཙོ་བོ་ཨ་དཀོན་རིན་པོ་ཆེ་མཆོག་ནི་བོད་ཀྱི་རིག་གནས་ལ་དུངས་ཞེན་ཆེ་ཞིང་། མི་རིགས་ལ་ཤ་ཞེན་ཆེ་བའི་བླ་སྤྲུལ་ཞིག་ཡིན་ལ། བྱམས་དང་སྙིང་རྗེའི་ལྷག་བསམ་རབ་ཏུ་དཀར་བས་བོད་ཁུལ་གྱི་ས་ཆ་མང་ཆེ་བའི་སློབ་མར་རོགས་སྐྱོར་བྱས་དང་བྱེད་བཞིན་ཡོད །
       ཕྱི་ལོ༢༠༡༤ལོའི་ཟླ༥པའི་ཚེས༢༤ཉིན་གྱི་ཕྱི་དྲོར། དབྱིན་ཇིའི་རྒྱལ་སྤྱིའི་རོགས་སྐྱོབ་ཐེབས་རྩ་ཚོགས་པས་བཟང་གསུམ་སློབ་མའི་བྱ་དགའ་གནང་བའི་ཚོགས་འདུ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་ལུས་རྩལ་ར་བ་ནས་བསྡུས། ཚོགས་འདུར་སློབ་གཙོ་སྐར་མ་སྐྱབས་ལགས་དང་ཨ་དཀོན་ཚོགས་པའི་ཚོགས་མི་རྒན་རིན་བྷ་གཙོ་བྱས་པའི་སློབ་གྲྭའི་འབྲེལ་ཡོད་འགོ་ཁྲིད་དང་དགེ་བཟོ་བ། སློབ་མ་ཡོངས་ཞུགས་ཤིང་། སློབ་གཙོ་སྐར་མ་སྐྱབས་ལགས་ནས་ཐེངས་འདིའི་ཚོགས་འདུ་བརྒྱུད་ནས་དབྱིན་ཇིའི་རྒྱལ་སྤྱིའི་རོགས་སྐྱོབ་ཐེབས་རྩ་ཚོགས་པས་ངེད་སློབ་གྲྭའི་འདས་ཟིན་པ་དང་ད་ལྟར་རོགས་སྐྱོར་གནང་བའི་སྐོར་གྱི་གཏམ་བཤད་གནང་བ་མ་ཟད། རོགས་དངུལ་དང་བྱ་དགའི་ཕན་ཡོན་དང་། སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་ལ་འབད་འབུངས། ཀུན་སྤྱོད་ཡག་པོ་བྱེད་དགོས་པའི་སྐོར་གྱི་བསླབ་བྱ་རེ་འགའ་བརྗོད་པར་ཚོགས་ཞུགས་ཀུན་གྱིས་ལྷག་བསམ་འཁོལ་བའི་ངང་ནས་དགའ་བསུ་བྱེད་ཀྱིན་འདུག
       དབྱིན་ཇིའི་རྒྱལ་སྤྱིའི་རོགས་སྐྱོབ་ཐེབས་རྩ་ཚོགས་པས་ངེད་སློབ་གྲྭར་སྔ་གཞུག་བར་གསུམ་དུ་རོགས་སྐྱོར་མཐའ་གཅིག་ཏུ་བྱས་ཡོད། ཕྱི་ལོ་༢༠༠༦ལོ་ནས་མཐོ་འབྲིང་གི་སློབ་མ་༥༠ལ་ལོ་གསུམ་གྱི་རིང་དང་། དམའ་འབྲིང་གི་སློབ་མ་༡༥༠ལ་ལོ་ངོ་དྲུག་གི་རིང་ལ་རོགས་སྐྱོར་བྱས་པའི་བསྡོམས་སྒོར་༡༡༩༨༥༠༠ཡིན། 
       ད་ལོ་ནས་བཟུང་ཚོགས་པ་འདིས་ངེད་སློབ་གྲྭའི་མཐོ་འབྲིང་གི་སློབ་མ༥༠ལ་ལོ་རེའི་ཟ་རིན་དང་སློབ་ཡོན་བཅས་ལ་བསྡོམས་སྒོར་༡༦༥༢༥༠གནང་སྦྱིན་བྱས་ཡོད་པ་རེད། དགེ་རྒན་ཆེན་མོའི་གདན་འདྲེན་གྱི་རོགས་དངུལ་སྒོར་༥༧༦༠༠ གནང་སྦྱིན་བྱས་ཡོད།
       ཐེངས་འདིའི་ཨ་དཀོན་བྱ་དགར་རིམ་པ་གསུམ་དུ་བགར་ནས་ངེད་སློབ་གྲྭའི་སློབ་མ་༣༢༠ལ་བསྡོམས་སྒོར་༦༦༠༠༠ གནང་སྦྱིན་བྱས་པ་རེད། བྱ་དགའ་རིམ་པ་དང་པོ་ཅན་ལ་སྒོར་༣༠༠རེ་དང་། རིམ་པ་གཉིས་པ་ཅན་ལ་སྒོར་༢༠༠རེ། རིམ་པ་གསུམ་པར་སྒོར་༡༠༠རེ་གནང་སྦྱིན་བྱས་ཡོད་པ་རེད། མ་ཟད་ཚོགས་པ་འདིས་མུ་མཐུད་དུ་ངེད་སློབ་གྲྭར་རོགས་སྐྱོར་གྱི་མ་དངུལ་སྒོར་༡༧༣༣༡༠༠ གནང་སྦྱིན་གཏོང་བརྩི་ཡོད་པ་རེད།

དབྱིན་ཇིའི་རྒྱལ་སྤྱིའི་རོགས་སྐྱོབ་ཐེབས་རྩ་ཚོགས་པས་ངེད་སློབ་གྲྭའི་བཟང་གསུམ་སློབ་མར་བྱ་དགའ་གནང་བའི་ཚོགས་འདུའི་མཛད་སྒོ་གཟབ་རྒྱས་ངང་བསྡུས།

དབྱིན་ཇིའི་རྒྱལ་སྤྱིའི་རོགས་སྐྱོབ་ཐེབས་རྩ་ཚོགས་པས་ངེད་སློབ་གྲྭའི་བཟང་གསུམ་སློབ་མར་བྱ་དགའ་གནང་བའི་ཚོགས་འདུའི་མཛད་སྒོ་གཟབ་རྒྱས་ངང་བསྡུས།

དབྱིན་ཇིའི་རྒྱལ་སྤྱིའི་རོགས་སྐྱོབ་ཐེབས་རྩ་ཚོགས་པས་ངེད་སློབ་གྲྭའི་བཟང་གསུམ་སློབ་མར་བྱ་དགའ་གནང་བའི་ཚོགས་འདུའི་མཛད་སྒོ་གཟབ་རྒྱས་ངང་བསྡུས།

       ཚོགས་འདུའི་སྟེང་སློབ་གྲོགས་ཚོའི་གདོང་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཤིང་དགའ་སྤྲོའི་འཛུམ་མདངས་མངོན་བཞིན་བྱ་དགའི་རྟགས་མ་དང་སྒོར་མོ་ལག་ཏུ་བཟུང་ནས་རྗེས་དྲན་གྱི་འདྲ་པར་བསྐྱོན་པ་མ་ཟད། རྗེས་ཕྱོགས་ཀྱི་སློབ་གྲྭའི་སྒྲིག་ལམ་སྲུང་བ་དང་། སློབ་སྦྱོང་ལ་ཧུར་བརྩོན། ཁོར་ཡུག་སྲུང་སྐྱོབ། ཟ་མར་གྲོན་ཆུང་བྱེད་པའི་མིང་རྟགས་ཀྱང་བཀོད་ནས་ཚོགས་འདུ་བདེ་ལེགས་ངང་མཇུག་བསྒྲིལ།

དབྱིན་ཇིའི་རྒྱལ་སྤྱིའི་རོགས་སྐྱོབ་ཐེབས་རྩ་ཚོགས་པས་ངེད་སློབ་གྲྭའི་བཟང་གསུམ་སློབ་མར་བྱ་དགའ་གནང་བའི་ཚོགས་འདུའི་མཛད་སྒོ་གཟབ་རྒྱས་ངང་བསྡུས།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།