རང་སློབ་གྲྭའི་དགེ་སློབ་ཡོངས་ནས་སློབ་བུ་རྡོ་རྗེ་རིན་ཆེན་ལ་བརྩེ་སེམས་ཕུལ་བའི་བྱ་འགུལ་སྤེལ་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 15/04/10

 རང་སློབ་གྲྭའི་དགེ་སློབ་ཡོངས་ནས་སློབ་བུ་རྡོ་རྗེ་རིན་ཆེན་ལ་བརྩེ་སེམས་ཕུལ་བའི་བྱ་འགུལ་སྤེལ་བ།

       ཟླ་བཞི་བའི་ཚེས་བཅུ་ཉིན།རང་སློབ་གྲྭའི་དགེ་སློབ་ཡོངས་ནས་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་བུ་རྡོ་རྗེ་རིན་ཆེན་ལ་བརྩེ་སེམས་ཕུལ་བའི་བྱ་འགུལ་ཞིག་སྤེལ། སློབ་བུ་རྡོ་རྗེ་རིན་ཆེན་ནི་གཅན་ཚ་རྫོང་ཨ་འབྱུང་སྡེ་བ་ནས་འཚར་ལོངས་བྱུང་ལ། སྔ་རྗེས་སུ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ནས་དམའ་འབྲིང་དང་མཐོ་འབྲིང་སློབ་མཐར་ཕྱིན་ཏེ་ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རིམ་དང་པོའི་སློབ་མ་ཡིན། མིག་སྔར་སློབ་བུ་ཁོ་རང་ལ་མི་འདོད་ནད་ཀྱི་ཁུར་བོས་མནན་ཏེ་ཁྱིམ་ཀྱི་འབྱོར་བ་ཡོད་ཚད་ནད་གསོའི་འགྲོ་གྲོན་ལ་བཏང་ཚར་རུང་། མཁལ་མ་བརྗེ་སྤྲོད་བྱེད་པའི་སྨན་རིན་གྱི་འབྱོར་བ་ཞན་དྲགས་པས་ད་ལྟ་རང་ཡུལ་ན་སྨན་ཁབ་ཙམ་ལ་བསྟེན་ནས་བསྡད་ཡོད།
       ཉེ་བའི་ཆར། སྤྱི་ཚོགས་དང་མི་སྒེར། ལས་ཁུངས་དང་སྡེ་ཁག་སོ་སོས་དངོས་བརྒྱུད་གང་རུང་ནས་མི་སེམས་མཐུན་ན་ལྕགས་རི་ཡིན་པའི་དཔེ་ལྟར་དུ་སློབ་བུ་འདིའི་མ་འོངས་འཚོ་བའི་ཆེད་དུ་རོགས་རམ་གང་ཐུབ་བྱེད་བཞིན་འདུག དེ་བས་རང་སློབ་སློབ་གྲྭའི་དགེ་སློབ་ཡོངས་ནས་ཀྱང་བརྩེ་སེམས་མཚོན་པར་ཞལ་འདེབས་སྤྱི་བསྡོམས་27405 ཕུལ་ཏེ་སློབ་གྲྭའི་འགོ་ཁྲིད་དག་དགེ་སློབ་ཡོངས་ཀྱི་ཚབ་བྱས་ཏེ་འཚམས་འདྲི་ལ་ཕྱིན་ཡོད་པ་རེད།

རང་སློབ་གྲྭའི་དགེ་སློབ་ཡོངས་ནས་སློབ་བུ་རྡོ་རྗེ་རིན་ཆེན་ལ་བརྩེ་སེམས་ཕུལ་བའི་བྱ་འགུལ་སྤེལ་བ།

རང་སློབ་གྲྭའི་དགེ་སློབ་ཡོངས་ནས་སློབ་བུ་རྡོ་རྗེ་རིན་ཆེན་ལ་བརྩེ་སེམས་ཕུལ་བའི་བྱ་འགུལ་སྤེལ་བ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།