རང་སློབ་གྲྭའི་ཁྱིམ་བདག་ཚོགས་འདུ་བསྡུས་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 15/12/29

རང་སློབ་གྲྭའི་ཁྱིམ་བདག་ཚོགས་འདུ་བསྡུས་པ། 
སྤྱི་ཚོགས་སློབ་གསོས་བཟང་བོའི་ཁོར་ཡུག་སྐྱེད། ཁྱིམ་གྱི་སློབ་གསོས་ཡ་རབས་ཀུན་སྤྱོད་སྐྱོང་།།
སློབ་གྲྭའི་སློབ་གསོས་ཤེས་རབ་བློ་མིག་སྩོལ།།གསུམ་པོ་བསྡོངས་ནས་སྨད་བྱུང་འཇོན་ཐང་སྐྲུན།།

རང་སློབ་གྲྭའི་ཁྱིམ་བདག་ཚོགས་འདུ་བསྡུས་པ།

       ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་རང་སློབ་གྲྭའི་ཚོགས་ཁང་ཆེན་མོ་ནས་ད་ལོའི་ཁྱིམ་བདག་ཚོགས་འདུ་འཚོགས་པ་རེད། རེབ་འདིའི་ཚོགས་འདུའི་སྟེང་སྤྱི་བསྡོམས་ཁྱིམ་བདག་ཆིག་སྟོང་བདུན་བརྒྱ་ལྷག་འཛོམས་ཡོད་ལ། སློབ་གྲྭའི་འགོ་ཁྲིད་དང་དགེ་རྒན་དག་ཀྱང་ཞུགས་ཡོད་པ་རེད། ཚོགས་འདུ་ལ་སློབ་གཙོ་སྐར་མ་སྐྱབས་ལགས་ཀྱིས་མདོ་འཛིན་བྱས་ཤིང་། ཐོག་མར་སློབ་གཙོ་གཞོན་པ་ཚེ་རིང་དར་རྒྱས་ཀྱིས་སློབ་གྲྭའི་མཁོ་སྒྲུབ་ལས་དོན་ཐད་ཀྱི་བྱ་བའི་སྙན་ཞུ་བྱས་ཏེ་མ་འོངས་བར་དགེ་སློབ་ཀུན་གྱི་སློབ་གསོའི་བྱ་བར་ཤུགས་བསྣན་ཏེ་གང་ནུས་སྒོས་ཁྱིམ་བདག་ཀུན་ལ་ཡིད་ཚིམས་པའི་སློབ་གསོར་རབ་འདེགས་གང་ལེགས་སྒྲུབ་པའི་བསམ་ཚུལ་བཤད།

རང་སློབ་གྲྭའི་ཁྱིམ་བདག་ཚོགས་འདུ་བསྡུས་པ།

       ཚོགས་འདུའི་རིམ་པ་གཉིས་པར་སློབ་གཙོ་གཞོན་པ་འགྱུར་མེད་ཀྱིས་སློབ་མའི་དུས་རྒྱུན་གྱི་བསམ་བློ་དང་ཀུན་སྤྱོད་ཀྱི་ཆ་ལ་དམིགས་ཏེ། ཁྱིམ་བདག་གིས་སློབ་གྲྭའི་སློབ་གསོ་བསྒྲུབ་པར་རྒྱབ་སྐྱོར་བྱེད་དགོས་ཚུལ་དང་ལྷག་ཏུ་ཁྱིམ་ཚང་གི་སློབ་གསོ་ལ་དོ་སྣང་བྱས་ཏེ་སློབ་མ་སློབ་གྲྭར་བསྐྱལ་བ་ནི་བསླབ་དེབ་སྟེང་གི་ཤེས་བྱ་གཅིག་པུ་རང་རྒྱུད་ལ་ལེན་པ་ཁོ་ན་ཙམ་མིན་པར་མི་གཤིས་ཡག་པོ་ཞིག་རང་རྒྱུད་ལ་ལེན་ཐུབ་པར་བྱས་ཏེ་དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་རང་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་འདི་དར་སྤེལ་དང་རྒྱུན་འཁྱོངས་བྱ་དགོས་པའི་རེ་བ་བཏོན་པ་རེད།

རང་སློབ་གྲྭའི་ཁྱིམ་བདག་ཚོགས་འདུ་བསྡུས་པ།      

        གོ་རིམ་གསུམ་པར་སློབ་གཙོ་གཞོན་པ་འཇིགས་བྱེད་ཀྱིས་རང་སློབ་གྲྭའི་སློབ་མའི་རོགས་སྐྱོར་སྐོར་ཀྱི་བྱ་བ་དང་བསྒྲུབ་ཟིན་པའི་རོགས་སྐྱོར་བྱ་བའི་གྲུབ་འབྲས། རོགས་སྐྱོར་ལས་གཞི་བརྩོན་ལེན་ཁྲོད་ཀྱི་གོ་རིམ་དག་མཚམས་སྦྱོར་བྱས་ཏེ་མིག་སྔར་རོགས་སྐྱོར་ཐོབ་ཟིན་པའི་སློབ་མའི་ཁྱིམ་བདག་ལ་དྲིན་བྱས་དྲིན་དུ་གོ་དགོས་པའི་ཤ་ཚའི་ཁ་བརྡ་བྱས་པ་དང་། ཁྱིམ་ཚང་དབུལ་རུང་སློབ་གསོ་དབུལ་མི་རུང་བར་རེ་སྐུལ་ནན་མོ་བྱས་ཡོད་པ་རེད།

རང་སློབ་གྲྭའི་ཁྱིམ་བདག་ཚོགས་འདུ་བསྡུས་པ། 

      གོ་རིམ་བཞི་བར། སློབ་གཙོ་ལོ་བྷེ་ལགས་ཀྱིས་སློབ་གསོ་སློབ་ཁྲིད་ཐད་ནས་ཉེ་བའི་ལོ་འགའི་ནང་གི་མཐོ་རྒྱུགས་དང་འབྲིང་རྒྱུགས་ཁྲོད་བླངས་པའི་གྲུབ་འབྲས་དག་ངོ་སྤྲོད་བྱས་པ་དང་། སྒོས་སུ་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱ་བར་ཤུགས་བསྣོན་ཆེད་རིམ་པ་གོང་མའི་འབྲེལ་ཡོད་ཀྱི་སློབ་གསོའི་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་མཐོ་འབྲིང་གི་ཆེད་ལས་ཅན་གྱི་དགེ་རྒན་སུམ་ཅུ་ལྷག་བསྡུ་ལེན་བྱས་པའི་གནས་ཚུལ་དག་ཀྱང་རེ་རེ་བཞིན་ངོ་སྤྲོད་བྱས་པ་རེད། ད་དུང་མ་འོངས་བའི་མི་རབས་རྗེས་མ་དག་གི་ཆེད་དུ་ཁྱིམ་བདག་དང་དགེ་སློབ་ཟུང་འབྲེལ་སྒོས་མི་རིགས་སློབ་གསོའི་བྱ་བར་དཔུང་བ་མཉམ་བསྡེབས་བྱེད་པར་ནན་སྐུལ་བྱས་པ་རེད།

རང་སློབ་གྲྭའི་ཁྱིམ་བདག་ཚོགས་འདུ་བསྡུས་པ།

       གོ་རིམ་ལྔ་བར། ཁྱིམ་བདག་ཡོངས་ཀྱི་འཐུས་ཚབ་མི་སྣས་གཏམ་བཤད་བྱས་ཏེ་རང་མི་རིགས་ཀྱི་སློབ་གསོའི་བྱ་བའི་གལ་ཆེན་རང་བཞིན་འདི་ཁྱིམ་བདག་ཀུན་གྱིས་ངེས་པར་དུ་ཤེས་དགོས་པ་དང་། སློབ་མ་བསྐྱེད་བསྲིང་བྱེད་རྒྱུའི་དོན་ཆེན་འདི་ནི་སློབ་གྲྭའི་དགེ་རྒན་འགའ་ཞིག་གི་འགན་ཁུར་ཙམ་མིན་པར་དམངས་ཡོངས་ཀྱི་ཁུར་བོ་ཆེན་པོ་ཞིག་ཡིན་པའི་ཐད་ནས་བསམ་བློ་གཏོང་དགོས་ཚུལ་སོགས་བཤད་སོང་། མཇུག་མཐར་སློབ་གཙོ་སྐར་མ་སྐྱབས་ཀྱིས་ཚོགས་འདུ་ལ་སྤྱི་བསྡོམས་བྱས་ཏེ་ཐེངས་འདིའི་ཚོགས་འདུའི་སྟེང་ལ་ཕེབས་ཡོད་པའི་ཁྱིམ་བདག་ཡོངས་ལ་བཀའ་དྲིན་ཞུ་བ་དང་མཉམ་དུ་ཚོགས་འདུ་ཡང་གྲོལ་བར་བྱས།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།