རང་སློབ་གྲྭས་སློབ་སྐབས་སྔོན་མའི་སློབ་གསོའི་བྱ་བར་སྤྱི་བསྡོམས་བྱས་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 17/04/19

རང་སློབ་གྲྭས་སློབ་སྐབས་སྔོན་མའི་སློབ་གསོའི་བྱ་བར་སྤྱི་བསྡོམས་བྱས་པ།

       ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན། རང་སློབ་གྲྭའི་སློབ་སྟོན་ཁང་གི་བྱ་བའི་བཀོད་སྒྲིག་ལྟར་སློབ་གྲྭའི་ཚོགས་ཁང་ཆེན་མོ་ནས་སློབ་སྐབས་སྔོན་མའི་བསླབ་ཁྲིད་ཚན་ཁག་སོ་སོའི་བར་རྒྱུགས་དང་མཇུག་རྒྱུགས། སློབ་གསེང་གི་དུས་སུ་སྤེལ་བའི་བསླབ་ཚན་ཁག་སོ་སོའི་ཤེས་བྱ་འགྲན་བསྡུར། ཡིག་གཟུགས་དང་མཛེས་རྩལ། སྙན་ངག་གྱེར་འདོན། བོད་རྒྱ་དབྱིན་གསུམ་གྱི་གཏམ་བཤད་འགྲན་བསྡུར་བྱ་འགུལ་ལ་སོགས་པའི་སློབ་གསོའི་བྱ་བར་སྤྱི་བསྡོམས་བྱས།

རང་སློབ་གྲྭས་སློབ་སྐབས་སྔོན་མའི་སློབ་གསོའི་བྱ་བར་སྤྱི་བསྡོམས་བྱས་པ།
ཚོགས་རའི་ཡུལ་དངོས།


       ཐེངས་འདིའི་སློབ་གསོའི་བྱ་བའི་སྤྱི་བསྡོམས་ཚོགས་འདུ་ལ་མཐར་ཕྱིན་འཛིན་གྲྭ་ཕུད་པའི་དགེ་སློབ་ཡོངས་ཞུགས་ཡོད་པ་དང་། སློབ་གཙོ་ལོ་བྷེས་ཚོགས་འདུ་ལ་འགོ་འཛིན་བྱས་ཏེ་སློབ་སྐབས་སྔོན་མའི་ནང་སྦྱངས་འབྲས་འབུར་ཐོན་ཅན་གྱི་ཕུལ་བྱུང་སློབ་མ་དག་ལ་སྤྱི་བསྡོམས་སྒོར་ཁྲི་བཞི་ལྷག་གི་བྱ་དགའ་བྱིན་ཏེ་མ་འོངས་པའི་སློབ་སྦྱོང་དང་ནར་སོན་པའི་འཚོ་བའི་གོ་རིམ་ཁྲོད་ནས་སྔར་ལས་ལྷག་པའི་ཡ་རབས་ཚུལ་ལྡན་གྱི་སྣོད་ལྡན་སློབ་མ་ཞིག་ལ་བསྙེགས་པར་བསླབ་བྱ་དང་སྐུལ་མ་བྱས་ཡོད།

རང་སློབ་གྲྭས་སློབ་སྐབས་སྔོན་མའི་སློབ་གསོའི་བྱ་བར་སྤྱི་བསྡོམས་བྱས་པ།
སྦྱངས་འབྲས་འབུར་ཐོན་ཅན་གྱི་ཕུལ་བྱུང་སློབ་མ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།