རང་སློབ་གྲྭའི་སྐབས་བཅུ་དྲུག་པའི་དབྱིན་ཡིག་གི་གཏམ་བཤད་འགྲན་སྡུར་སྤེལ་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 17/04/26

རང་སློབ་གྲྭའི་སྐབས་བཅུ་དྲུག་པའི་དབྱིན་ཡིག་གི་གཏམ་བཤད་འགྲན་སྡུར་སྤེལ་བ།

       ཟླ་བཞི་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་། རང་སློབ་གྲྭའི་སློབ་སྟོན་ཁང་གི་བྱ་བའི་བཀོད་སྒྲིག་ལྟར་དབྱིན་ཡིག་ཁྲིད་དཔྱོད་ཁང་གི་དགེ་རྒན་རྣམས་གཙོ་བྱས་པའི་དགེ་སློབ་ཡོངས་རང་རེའི་སློབ་གྲྭའི་སྨྱན་མང་ཚོགས་ཁང་ཆེན་མོར་འདུས་ཏེ་གོ་ལ་ཧྲིལ་པོའི་སྤྱི་སྐད་དུ་ཆགས་པའི་དབྱིན་ཡིག་སྟེ་རང་སློབ་གྲྭའི་སྐབས་བཅུ་དྲུག་པའི་དབྱིན་ཡིག་གི་གཏམ་བཤད་འགྲན་སྡུར་གཟབ་རྒྱས་ངང་སྤེལ།
       ཐེངས་འདིའི་དབྱིན་ཡིག་གི་གཏམ་བཤད་འགྲན་བསྡུར་ལ་འཛིན་གྲྭ་རེ་ནས་དབྱིན་ཡིག་གི་སྦྱང་འབྲས་ལེགས་པའི་རྩེར་སོན་གྱི་སློབ་མ་གཉིས་རེ་ཞུགས་ཡོད་པས། བྱ་འགུལ་འདི་འདྲ་ཞིག་གི་སྒུལ་ཤུགས་བརྟེན་ནས་ན་གཞོན་སློབ་མ་རྣམས་དབྱིན་ཡིག་ལ་སྦྱང་བ་བྱེད་པའི་འདུན་པ་ལེགས་པོ་ཞིག་ཆགས་སུ་བཅུག་ཡོད་པ་མ་ཟད། སློབ་མ་སྤྱིའི་དབྱིན་ཡིག་གི་ཆུ་ཚད་མཐོར་འདེགས་སུ་གཏོང་པར་ནུས་པ་ངེས་ཅན་ཞིག་ཀྱང་ཐོན་ཡོད།
       མཐར་འགྲན་ཞུགས་མི་སྣ་སོ་སོའི་གཏམ་བཤད་ཀྱི་ཚ་རླབས་འོག་འགྲན་བསྡུར་གྱི་གོ་རིམ་བདེ་ལེགས་ངང་མཇུག་རྫོགས་པ་དང་། ཚོགས་རའི་འགོ་འཛིན་པ་དགེ་རྒན་སྐལ་བཟང་སྐྱིད་ཀྱིས་འགྲན་ཞུགས་སློབ་མ་ཡོངས་ལས་ཕུལ་དུ་བྱུང་བའི་གཏམ་གྱི་སྨྲ་ལྕེ་རྒོད་པོ་ཅན་དང་སྙིང་སྟོབས་ཀྱི་དཔལ་འབར་བའི་སློབ་བུ་ཁྱད་འཕགས་ཅན་སོ་གཉིས་ལ་སྤྱི་བསྡོམས་སྒོར་ཉིས་སྟོང་གི་བྱ་དགའ་གནང་བ་དང་། དབྱིན་ཡིག་གི་གཏམ་བཤད་ལ་སྤྲོ་བའི་སློབ་བུ་མང་པོ་ཞིག་ལ་གཟེངས་བསྟོད་དང་དབྱིན་ཡིག་སྦྱོང་བ་ལ་སྐུལ་བའི་ཁ་ཏ་སློབ་གསོ་ཀྱང་མི་ཉུང་བ་ཞིག་བྱས་ཡོད།

རང་སློབ་གྲྭའི་སྐབས་བཅུ་དྲུག་པའི་དབྱིན་ཡིག་གི་གཏམ་བཤད་འགྲན་སྡུར་སྤེལ་བ།

རང་སློབ་གྲྭའི་སྐབས་བཅུ་དྲུག་པའི་དབྱིན་ཡིག་གི་གཏམ་བཤད་འགྲན་སྡུར་སྤེལ་བ།

རང་སློབ་གྲྭའི་སྐབས་བཅུ་དྲུག་པའི་དབྱིན་ཡིག་གི་གཏམ་བཤད་འགྲན་སྡུར་སྤེལ་བ།

རང་སློབ་གྲྭའི་སྐབས་བཅུ་དྲུག་པའི་དབྱིན་ཡིག་གི་གཏམ་བཤད་འགྲན་སྡུར་སྤེལ་བ།

རང་སློབ་གྲྭའི་སྐབས་བཅུ་དྲུག་པའི་དབྱིན་ཡིག་གི་གཏམ་བཤད་འགྲན་སྡུར་སྤེལ་བ།

༼ སློབ་རའི་ཆ་འཕྲིན་ཚོགས་པས་སྤེལ།༽

 

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།