རང་སློབ་གྲྭའི་དགེ་སློབ་དྲུག་བརྒྱ་ལྷག་རྫོང་ཡོངས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བའི་ལས་འགུལ་ལ་ཞུགས་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 17/05/05

རང་སློབ་གྲྭའི་དགེ་སློབ་དྲུག་བརྒྱ་ལྷག་རྫོང་ཡོངས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བའི་ལས་འགུལ་ལ་ཞུགས་པ།

       སྤྱི་ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་བསུ་ཆེད། རང་སློབ་གྲྭའི་མཐོ་འབྲིང་ལོ་རིམ་དང་པོ་དང་གཉིས་པའི་དགེ་སློབ་དྲུག་བརྒྱ་ལྷག་རྫོང་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་འོག་རྫོང་ཡོངས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བའི་ལས་སུ་ཞུགས་ཏེ་རང་རྫོང་གི་ལྷོ་རི་ངོས་སུ་སོང་ནས་སྡོང་འཛུགས་ནགས་སྐྲུན་བྱས།  
       ཐེངས་འདིའི་རང་སློབ་གྲྭའི་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བའི་ལས་འགུལ་ལ་སློབ་གཙོ་སྐར་མ་སྐྱབས་དང་སློབ་གཙོ་གཞོན་པ་འཇིགས་བྱེད་གཉིས་ཀྱིས་གཙོ་ཁྲིད་བྱས་ཤིང་། སློབ་མའི་བདེ་འཇགས་དོ་དམ་ཐད་ལ་བདག་གཉེར་བྱེད་མཁན་གྱི་འཛིན་བདག་དང་བསླབ་ཁྲིད་ཁག་གི་དགེ་རྒན། འཚོ་བའི་བཟའ་བཏུང་གི་ཐད་ལ་མཁོ་སྒྲུབ་གནང་མཁན་གྱི་སློབ་གྲྭའི་ལས་བྱེད་མི་སྣ་མང་པོ་ཞིག་གིས་ནུས་ཤུགས་གང་ཡོད་བཏོན་ཏེ་རྫོང་སྲིད་གཞུང་གིས་རང་སློབ་གྲྭར་ལས་དགོས་བྱས་པའི་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བ་བདེ་ལེགས་ངང་ཡོངས་སུ་གྲུབ་ཡོད་པ་དང་། ངལ་རྩོལ་དུས་ཆེན་བསུ་བའི་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་འདི་བརྒྱུད་ནས་ན་ཆུང་སློབ་མ་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཆགས་ཡོད་པ་མ་ཟད། མ་འོངས་པར་རང་རེའི་ཡུལ་འདིར་སྔོ་ལྗང་ཅན་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་ཅིག་སྐྲུན་ཐུབ་པའི་འདུ་ཤེས་ཟབ་མོ་ཆགས་སུ་བཅུག་ཡོད།

༼སློབ་རའི་གསར་འགོད་པ། སངས་རྒྱས་སྨན་དང་ཁྱུང་འབྲུག གནམ་ལྷ་རྒྱལ། བསོད་ནམས་མཆོག་ལྡན། ཚེ་དོན་བཅས་ནས་སྤེལ།༽

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།