རང་སློབ་གྲྭའི་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་དང་རིག་རྩལ་འཁྲབ་སྟོན་གྱི་མཛད་སྒོ་བསྡུས་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 17/05/09

རང་སློབ་གྲྭའི་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་དང་རིག་རྩལ་འཁྲབ་སྟོན་གྱི་མཛད་སྒོ་བསྡུས་པ།

       ཤར་ཕྱོགས་ཀྱི་ཁྲི་གདུགས་ཉི་མའི་འོད་ཟེར་ལ་ཕྱོགས་རིས་མེད་པར་ཡིད་འོང་གི་ས་གཞི་འདི་ཉིད་འོད་ཀྱིས་ཁྱབ་ཤིང་དྲོད་ཀྱིས་བསྐྱངས་ཏེ། རྩྭ་རྩི་ཤིང་ལ་ལྗང་མྱུག་འབུས་བའི་དུས་བཟང་འདིར། ལྔ་བཞི་རྒྱལ་གཅེས་ལས་འགུལ་ལ་དྲན་གསོ་བྱེད་ཆེད། རང་རེའི་སློབ་གྲྭའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་དང་རིག་རྩལ་འཁྲབ་སྟོན་ཆེན་མོ་སྐབས་བཅུ་གཉིས་པའི་འགོ་རྩོམ་མཛད་སྒོ་ཟླ་ལྔ་པའི་ཚེས་དྲུག་ཉིན་རང་སློབ་གྲྭའི་རྩལ་སྦྱང་ར་བ་ནས་ལང་ཚོའི་འོད་སྟོང་འབར་བའི་དགེ་སློབ་ཡོངས་ཀྱི་དགོད་སྒྲའི་ཁྲོད་གཟབ་རྒྱས་ངང་འཚོགས།
       རེབ་འདིའི་ལུས་རྩལ་འགྲན་ཚོགས་ཆེན་མོའི་འགོ་རྩོམ་མཛད་སྒོའི་སྟེང་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཀུན་འདུལ་རྡོ་རྗེ་དང་། ཅུའུ་ཀྲང་གཞོན་པ་རྒྱལ་མཚན། ཅུའུ་ཀྲང་གཞོན་པ་མེན་ཚད་ཀོང་། མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོ་རབ་བརྟན་དང་སློབ་གཙོ་གཞོན་པ་རྒྱ་མཚོ་ལ་སོགས་པའི་སློབ་གསོ་སྡེ་ཁག་གི་འབྲེལ་ཡོད་མི་སྣ་འགའ་དང་། རྒྱ་ཆེ་བའི་ཁྱིམ་བདག་ལྟད་མོ་བ་མང་པོ་ཞིག་ཀྱང་ཕེབས་འདུག་ལ། རང་སློབ་གྲྭའི་དགེ་སློབ་ཡོངས་ཞུགས་ཡོད།
       ཚོགས་ཆེན་གྱི་འགོ་རྩོམ་མཛད་སྒོ་ལ་འཛིན་གྲྭ་སོ་སོའི་ལུས་རྩལ་པ་དང་དགེ་བཟོ་བའི་རུ་དཔུང་གཉིས་གྲལ་བསྒྲིགས་ཏེ་སློབ་གྲྭའི་ལུས་རྩལ་ར་བར་ཐོན་པ་དང་། རང་སློབ་གྲྭའི་ཧྲུའུ་ཅི་ཅིན་ཡུས་ཧེད་ལགས་ཀྱིས་འགོ་འཛིན་བྱས་ཤིང་། ཚོགས་ཆེན་གྱི་གོ་རིམ་དང་པོར་སློབ་གཙོ་སྐར་མ་སྐྱབས་ཀྱིས་རང་སློབ་གྲྭའི་ཉེ་བའི་ལོ་འགའི་ནང་བླངས་པའི་སློབ་གསོའི་གྲུབ་འབྲས་དང་སློབ་སྒྲུབ་ལམ་ལུགས། སློབ་གྲྭའི་དོ་དམ་མ་ལག་དང་མ་འོངས་པའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་ལ་སོགས་པའི་ཐད་ནས་གཏམ་བཤད་བྱས་པ་དང་། གོ་རིམ་གཉིས་པར་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཀུན་འདུལ་རྡོ་རྗེ་ནས་ཐེངས་འདིའི་ཚོགས་ཆེན་མཛད་སྒོ་དངོས་སུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས། གོ་རིམ་གསུམ་པར་ཟིལ་ཤུགས་ལྡན་པའི་རྒྱལ་གླུ་དང་སློབ་གླུའི་དབྱངས་རྟ་ཁྲོད་རྒྱལ་དར་དང་སློབ་དར་བསྒྲེངས་པར་བྱས། གོ་རིམ་བཞི་པར་ལུས་རྩལ་འགྲན་ཚོགས་ཀྱི་ཤན་འབྱེད་པའི་འཐུས་མི་དང་ལུས་རྩལ་པའི་འཐུས་མི་གཉིས་ནས་རེབ་འདིའི་ལུས་རྩལ་འགྲན་ཚོགས་འདིའི་ཤན་འབྱེད་པའི་ཐོག་མཐའ་བར་གསུམ་གྱི་བྱ་བར་དམ་བཅའ་དང་ལུས་རྩལ་པའི་སྒྲིག་ལམ་བརྩི་སྲུང་ལ་དམ་བཅའ་བྱས་ཏེ་གཏམ་བཤད་བྱས། གོ་རིམ་ལྔ་པར་སློབ་གྲྭའི་ཐོན་ཨུའི་བཀོད་སྒྲིག་ལྟར་གསར་ཞུགས་ཀྱི་ཐོན་མི་རྣམས་ལ་ཐོན་རྟགས་སྤྲད་དེ་དུས་དེ་རིང་ནས་བཟུང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཞིག་ལ་བརྩོན་ཐུབ་པའི་དམ་བཅའ་བཞག གོ་རིམ་དྲུག་པར་རིག་རྩལ་འཁྲབ་སྟོན་དངོས་སུ་འགོ་བརྩམས་པ་དང་སྦྲགས་རྒྱ་ཆེ་བའི་ལྟད་མོ་བ་ཡོངས་ཀྱི་མིག་དབང་འཕྲོག་པའི་རིག་རྩལ་འཁྲབ་སྟོན་དེ་སློབ་རའི་གླུ་མ་བསྟན་འཛིན་དབང་མོའི་གླུ་སྐད་སྙན་མོའི་ཁྲོད་འགོ་བརྩམས་པར་བྱས།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།