གཅན་ཚ་རྫོང་མི་རིགས་སློབ་འབྲིང་གིས་ད་ལོའི་མཐོ་རྒྱུགས་ཁྲོད་སྔར་ལས་ལྷག་པའི་གྲུབ་འབྲས་བླངས་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 17/06/28

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གིས་ད་ལོའི་མཐོ་རྒྱུགས་ཁྲོད་སྔར་ལས་ལྷག་པའི་གྲུབ་འབྲས་བླངས་པ།

       མི་ལོ་གསུམ་གྱི་རིང་ལ་སློབ་སྒྲུབ་ཀྱི་ཐབས་ལམ་སྣ་ཚོགས་བཙལ་བ་དང་དཀའ་སྤྱད་འབད་བརྩོད་ཀྱི་ལག་ལེན་གང་མང་བརྒྱུད་པ་ལ་བརྟེན་ནས་རང་རེའི་སློབ་གྲྭའི་མཐོ་འབྲིང་མཐར་ཕྱིན་སློབ་མ་ཡོངས་ནས༢༠༡༧ལོའི་མཐོ་རྒྱུགས་ཁྲོད་གཡུར་ཏུ་ཟ་བའི་གྲུབ་འབྲས་བླངས་ཡོད་དེ། དངོས་གཞི་རིམ་པ་དང་དངོས་གཞི་གྲ་སྒྲིག་རིམ་པར་སླེབས་ཡོད་པའི་སློབ་བུ་བདུན་ཅུ་ལྷག་ཡོད་པ་དང་། སྒོས་སུ་རང་སློབ་གྲྭ་ནས་ལོ་ངོ་དྲུག་ལ་སློབ་སྦྱོང་བྱས་པའི་སློབ་གྲོགས་བདེ་སྐྱིད་དབང་མོས༼རྩིས་ཚན།༽ད་ལོའི་མཐོ་རྒྱུགས་ཁྲོད་སྤྱི་སྐར༥༠༠བླངས་ཏེ་ཞིང་ཆེན་ཡོངས་ཀྱི་ཨང་རིམ་བཞི་པ་དང་རྨ་ལྷོ་ཁུལ་གྱི་ཨང་རིམ་དང་པོ་ཟིན་ཡོད་པ་རེད། 
       ཚེས་ཉེར་ལྔ་ཉིན། རང་སློབ་གྲྭའི་འགོ་ཁྲིད་དག་གིས་ཀྱང་དགའ་འོས་པའི་དོན་ཆེན་འདི་ལ་ཆེད་དུ་དམིགས་ཏེ་སློབ་གྲོགས་བདེ་སྐྱིད་དབང་མོར་སློབ་སྦྱོང་དང་བྱ་དགའ་སྟེར་བའི་ཚོགས་འདུ་ཞིག་ཀྱང་དུས་ཐོག་ཏུ་ཚོགས་པ་རེད། ཚོགས་འདུའི་སྟེང་མཐར་ཕྱིན་སློབ་མ་ཕུད་པའི་དགེ་སློབ་ཡོངས་འདུས་ཡོད་ལ། སློབ་གཙོ་གཞོན་པ་ལོ་བྷེས་སློབ་གྲྭ་འདི་རུ་སྔར་མུས་སུ་སློབ་སྦྱོང་བྱེད་བཞིན་པའི་སློབ་བུ་དག་གི་སློབ་བརྩོན་གྱི་འདུན་པ་ཆེ་རུ་གཏོང་བ་དང་ཁོ་མོར་སློབ་སྦྱོང་བྱེད་པར་སྐུལ་འདེད་བྱེད་ཆེད་ད་ལོའི་མཐོ་རྒྱུགས་ཁྲོད་སྦྱངས་འབྲས་ཁྱད་འཕགས་ཅན་གྱི་སློབ་གྲོགས་བདེ་སྐྱིད་དབང་མོར་རྒྱ་ཆེ་བའི་དགེ་སློབ་ཆིག་སྟོང་ལྷག་གི་མདུན་ནས་དམངས་སྒོར་སུམ་སྟོང་གི་བྱ་དགའ་གནང་ཡོད་པ་དང་། མ་འོངས་པའི་མཐོ་རྒྱུགས་ཁྲོད་ཁོ་མོ་ལྟ་བུའི་སློབ་བུ་མང་བོ་བྱུང་ཐུབ་པར་རེ་བ་བཏོན་པ་དང་སྐུལ་ལྕག་བཏང་།

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གིས་ད་ལོའི་མཐོ་རྒྱུགས་ཁྲོད་སྔར་ལས་ལྷག་པའི་གྲུབ་འབྲས་བླངས་པ།

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གིས་ད་ལོའི་མཐོ་རྒྱུགས་ཁྲོད་སྔར་ལས་ལྷག་པའི་གྲུབ་འབྲས་བླངས་པ།

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གིས་ད་ལོའི་མཐོ་རྒྱུགས་ཁྲོད་སྔར་ལས་ལྷག་པའི་གྲུབ་འབྲས་བླངས་པ།

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གིས་ད་ལོའི་མཐོ་རྒྱུགས་ཁྲོད་སྔར་ལས་ལྷག་པའི་གྲུབ་འབྲས་བླངས་པ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།