རྒན་ཆེན་མོ་བདེ་མཆོག་ལགས་རང་སློབ་གྲྭར་གདན་ཞུ་བྱས་ཏེ་སློབ་གསོའི་སྐོར་ནས་འཆད་ཁྲིད་བྱས་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 17/10/11

རྒན་ཆེན་མོ་བདེ་མཆོག་ལགས་རང་སློབ་གྲྭར་གདན་ཞུ་བྱས་ཏེ་སློབ་གསོའི་སྐོར་ནས་འཆད་ཁྲིད་བྱས་པ།

       ཏང་གི་སྐབས་བཅུ་དགུ་པའི་ཚོགས་ཆེན་འཚོག་ལ་ཉེ་བའི་དུས་བཟང་འདིར། རང་སློབ་གྲྭའི་སློབ་གཙོ་རྒྱ་མཚོ་ལགས་ཀྱིས་རྫོང་རིམ་པའི་འགོ་ཁྲིད་དག་གིས་སྤྲད་པའི་སློབ་གསོ་བྱ་བའི་ཁུར་པོ་ཕྲག་ལ་འཁུར་ཏེ་རང་ཉིད་སློབ་གཙོར་བསྐོ་བཞག་བྱས་པའི་ཚུན་གྱི་སློབ་གྲྭའི་སློབ་གསོ་བྱ་བའི་འཆར་གཞི་དང་བཀོད་སྒྲིག་དག་རེ་རེ་བཞིན་ལག་བསྟར་བྱས་ལ། སློབ་གྲྭའི་འགོ་ཁྲིད་ཚོགས་པ་དང་དགེ་རྒན་དག་གི་བསམ་འཆར་བསྡུ་ལེན་དང་གྲོས་བསྡུར་བྱས་པ་བརྒྱུད་མིག་སྔར་ཁ་ཚ་དགོས་གཏུགས་སུ་གྱུར་བའི་ཀུན་སྤྱོད་སློབ་གསོ་རྒྱ་ཆེར་སྤེལ་བར་འཆར་གཞི་རྒྱ་ཆེན་པོ་བཟོས་ཡོད་པ་ལྟར། རང་སློབ་གྲྭའི་དགེ་རྒན་གཙོ་བྱས་པའི་རྫོང་ཡོངས་ཀྱི་སློབ་གསོ་སྡེ་ཁག་གི་འབྲེལ་ཡོད་མི་སྣའི་རིག་གནས་ཤེས་བྱ་ཕུན་ཚོགས་སུ་གཏོང་བར་དམིགས་ནས་ཆེད་མཁས་པ་མང་པོ་གདན་འདྲེན་བྱས་ཏེ་ད་ལོའི་ལོ་མཇུག་བར་དུ་ཆེད་དོན་འཆད་ཁྲིད་བཞི་ཙམ་བཀོད་སྒྲིག་བྱས་ཡོད་པ་རེད། 

རྒན་ཆེན་མོ་བདེ་མཆོག་ལགས་རང་སློབ་གྲྭར་གདན་ཞུ་བྱས་ཏེ་སློབ་གསོའི་སྐོར་ནས་འཆད་ཁྲིད་བྱས་པ།

རྒན་ཆེན་མོ་བདེ་མཆོག་ལགས་རང་སློབ་གྲྭར་གདན་ཞུ་བྱས་ཏེ་སློབ་གསོའི་སྐོར་ནས་འཆད་ཁྲིད་བྱས་པ།

       ཟླ་བཅུ་པའི་ཚེས་དགུ་ཉིན། ཆེད་དོན་འཆད་ཁྲིད་ཀྱི་འཆར་གཞི་བཀོད་སྒྲིག་ལྟར་དེང་རབས་བོད་ཀྱི་མཁས་དབང་ཆེན་མོ་རྒན་བདེ་མཆོག་ལགས་གདན་ཞུ་བྱས་ཏེ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་ཚོགས་འདུ་ཁང་ནས་སློབ་གྲྭའི་དགེ་རྒན་དག་གཙོ་བྱས་པའི་ལས་རིགས་སོ་སོའི་རིག་གནས་ལ་སྤྲོ་བ་ཡོད་པའི་མི་སྣ་བརྒྱ་ལྷག་ལ་ཉིན་གསུམ་གྱི་དུས་ཚོད་ནང་ཀུན་སྤྱོད་སློབ་གསོའི་སྐོར་དང་། ཚད་ལྡན་གྱི་དགེ་རྒན་ཞིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་བརྒྱད་དེ། ཚུལ་དང་མཐུན་པ། ཐོས་པ་མི་གཏོང་བ། བློ་ལེགས་པ། སྤོབས་པ་དང་ལྡན་པ། བྱམས་དང་སྙིང་རྗེ་མབའ་པ། བརྩོན་འགྲུས་དང་ལྡན་པ། བཟོད་པ་དང་ལྡན་པ། སྨྲ་མཁས་པ་བཅས་རེ་རེ་བཞིན་ངོ་སྤྲོད་བྱས་ཏེ་རང་ནུས་ཅི་ཡོད་སྒོས་མི་རིགས་སློབ་གསོར་ཤུགས་བསྣོན་བྱེད་དགོས་ཚུལ་དང་མི་རབས་རྗེས་མ་ལེགས་ལམ་དུ་ཁྲིད་པའི་ཐབས་ལམ་མང་པོ་བསྟན་པ་དང་། ད་དུང་བོད་སྐད་ཡིག་དགེ་རྒན་དག་གི་དུས་རྒྱུན་གྱི་སློབ་ཁྲིད་ཁྲོད་གནས་པའི་སུམ་རྟགས་དང་སྙན་ངག་གི་དཀའ་གནད་སྐོར། ཚོགས་ཞུགས་མི་སྣས་སྐབས་སུ་བཏོན་པའི་དོགས་འདྲི་རེ་རེར་ལན་བཏབ་སྟེ་བློ་ཡིད་ཚིམ་པའི་འཆད་ཁྲིད་གནང་ཡོད་པ་རེད།

རྒན་ཆེན་མོ་བདེ་མཆོག་ལགས་རང་སློབ་གྲྭར་གདན་ཞུ་བྱས་ཏེ་སློབ་གསོའི་སྐོར་ནས་འཆད་ཁྲིད་བྱས་པ།

རྒན་ཆེན་མོ་བདེ་མཆོག་ལགས་རང་སློབ་གྲྭར་གདན་ཞུ་བྱས་ཏེ་སློབ་གསོའི་སྐོར་ནས་འཆད་ཁྲིད་བྱས་པ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།