༢༠༡༨ལོའི་མཐོ་རྒྱུགས་སྐུལ་སློང་ཚོགས་འདུ་བསྡུས་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 17/12/09

༢༠༡༨ལོའི་མཐོ་རྒྱུགས་སྐུལ་སློང་ཚོགས་འདུ་བསྡུས་པ།

       མཐོ་གསུམ་གྱི་སློབ་ཁྲིད་ཕལ་ཆེར་མཇུག་བསྒྲིལ་བ་དང་མཐོ་རྒྱུགས་རྒྱུགས་གཞིའི་བསྐྱར་སྦྱངས་མགོ་བརྩམས་པར་བསྟུན་ཏེ།རང་སློབ་གྲྭའི་དབུ་ཁྲིད་དང་དགེ་རྒན་རྣམས་ཀྱིས་དུས་ཚོད་དང་སྟོབས་ཤུགས་མཐའ་དག་མཐོ་རྒྱུགས་ལ་ཁ་གཏོད་པའི་དགོངས་འཆར་དཀྱུས་གཅིག་ཏུ་བཞེས་ཀྱིན་འདུག དེར་བརྟེན་ཟླ་བཅུ་གཅིག་པའི་་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་རང་སློབ་གྲྭའི་ཚོགས་འདུ་ཁང་དུ་མཐོ་གསུམ་གྱི་དགེ་རྒན་ལྷན་རྒྱས་མཉམ་དུ་འཚོགས་ཤིང་།མང་གཙོ་ལམ་ནས་དགེ་རྒན་གྱི་སློབ་ཁྲིད་དང་སློབ་མའི་སློབ་སྦྱོང་ཐད་ལ་བསམ་འཆར་གལ་ཆེན་གང་མང་གནང་།

༢༠༡༨ལོའི་མཐོ་རྒྱུགས་སྐུལ་སློང་ཚོགས་འདུ་བསྡུས་པ།

       ཚོགས་འདུའི་སྟེང་སློབ་གཙོ་རྒྱ་མཚོ་ལགས་ནས་གསུངས་དོན། ད་ལོའི་མཐོ་གསུམ་སློབ་མའི་མཐོ་རྒྱུགས་ཀྱི་གྲུབ་འབྲས་གང་འདྲ་ཞིག་ལེན་རྒྱུ་དེ་ནི་དགེ་སློབ་གཉིས་ཆར་རག་ལས་ཤིང་།དགེ་སློབ་གཉིས་ཀའི་ངལ་བར་འབྲས་བུ་མཆོག་དམན་གང་ཞིག་ལེན་པར་འགྱུར་བ་ནི་སློབ་ཁྲིད་བྱེད་ཐབས་དང་སློབ་སྦྱོང་བྱ་ཐབས་ལ་འབྲེལ་བ་ཟབ་མོ་ཡོད་པར་བསྟན། དགེ་རྒན་གྱི་དཔུང་སྡེ་ལ་རྒྱབ་སྐྱོར་དང་ཤུགས་སྣོན་བྱེད་ཆེད། ས་གནས་གཞན་གྱི་སློབ་གྲྭ་ཆེ་འབྲིང་གི་དགེ་རྒན་ཉམས་མྱོང་ཅན་དང་ཆེད་ལས་ཅན་གྱི་དགེ་རྒན་དུས་ལྟར་གདན་ཞུ་བྱས་ཏེ་འཆད་ཁྲིད་དང་ཟུར་ཁྲིད་བྱེད་དུ་འཇུག་རྒྱུ་དང་། སློབ་མའི་སློབ་སྦྱོང་གི་འཚོ་བར་ཐུགས་ཁུར་ཟབ་བཞེས་གནང་ནས་དགོང་ཚོགས་ཀྱི་དུས་ཚོད་ཇེ་རིང་དུ་གཏོང་བ་དང་། ནངས་མོར་མལ་ཁང་ལས་དུས་ལྟར་ནས་ཕྱིར་བུད་ནས་ནངས་སྦྱོང་བྱེད་པ། བསླབ་ཚན་ཁག་སོ་སོའི་དགེ་རྒན་རྣམས་ཀྱིས་ཉིན་གུང་གི་དུས་ཚོད་བེད་སྤྱད་ནས་སློབ་མར་གང་ནུས་སྒོས་ཟུར་ཁྲིད་བྱེད་པ་སོགས་ཐབས་ཤེས་སྣ་མང་སྤྱད་དེ་ད་ལོའི་མཐོ་རྒྱུགས་ལ་འབྲས་བུ་གཡུར་དུ་ཟ་བ་ཞིག་བླངས་ནས་སློབ་བུ་སྟོང་ཕྲག་གི་ཕུགས་འདུན་གྱི་ལམ་ཆེན་ལ་འོད་སྟོང་འབྱེད་པ་དང་ཁྱིམ་བདག་སྟོང་ཕྲག་མང་པོའི་རེ་བའང་མངོན་འགྱུར་བྱེད་པར་སྐུལ་མ་ཡང་ཡང་བཏང་། 

༢༠༡༨ལོའི་མཐོ་རྒྱུགས་སྐུལ་སློང་ཚོགས་འདུ་བསྡུས་པ།

       བསླབ་ཚན་ཁག་གི་དགེ་རྒན་ལྷན་རྒྱས་ནས་ཀྱང་མཐོ་རྒྱུགས་ཉེ་རུ་བཅར་བ་དང་བསྟུན་ནས།སློབ་མའི་སློབ་སྦྱོང་ཐད་ཀྱི་གནོན་ཤུགས་དེ་གཞོམ་ཆེད་དང་དགེ་རྒན་ཡོངས་ཀྱི་སེམས་ཤུགས་གཅིག་སྒྲིལ་ཡོང་ཕྱིར། རང་རང་ས་ནས་བསྐྱར་སྦྱོང་གི་འཆར་གཞི་དང་སློབ་སྦྱོང་གི་དཀའ་གནད། གཙོ་གནད། ལོ་རེའི་མཐོ་རྒྱུགས་ཀྱི་རྒྱུགས་ཚུགས་ཀྱི་འགྱུར་བག་གི་ཁྱད་བསྡུར།རྒྱུགས་གཞི་དབྱེ་ཞིབ་སོགས་གནད་ཕུགས་པའི་གསུང་བཤད་གནང་ཡོད། དེ་དང་ལྷན་དུ་མི་རིགས་སློབ་འབྲིང་གཉིས་པའི་བོད་སྐད་ཡིག་དགེ་རྒན་ཚེ་རིང་བཀྲ་ཤིས་ལགས་གདན་ཞུ་བྱས་ཏེ་ད་ལོའི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་ཡོངས་ལ་ལོ་སྔོན་མ་དག་གི་བོད་ཡིག་གི་རྒྱུགས་གཞི་མང་པོ་དཔེར་དྲངས་ཏེ་མཐོ་རྒྱུགས་སྐབས་ཀྱི་དགོས་ངེས་ཀྱི་གྲྭ་སྒྲིག་གྱ་ནོམ་པ་དང་ཚན་རིག་དང་མཐུན་ཞིང་ནུས་པ་མངོན་གསལ་ཡོད་པའི་སློབ་སྦྱོང་བྱེད་སྟངས། ལོ་རེའི་རྒྱུགས་འབྲས་དང་སློབ་མ་བསྡུ་ཚད་ཀྱི་ཧེ་བག་སོགས་ཕྱོགས་འདྲ་མིན་ནས་གསུངས་བ་སློབ་མའི་ཚོགས་ལ་དུས་ཐོག་ཆར་བར་གྱུར་རོ།།

༢༠༡༨ལོའི་མཐོ་རྒྱུགས་སྐུལ་སློང་ཚོགས་འདུ་བསྡུས་པ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།