སྙན་ངག་གྱེར་འདོན་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 17/12/25

སྙན་ངག་གྱེར་འདོན་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

       ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན། རང་སློབ་གྲྭའི་བོད་སྐད་ཡིག་གཞུང་སྒྲུབ་ཁང་གི་ད་ལོའི་སློབ་སྒྲུབ་གྱི་བྱ་བའི་འཆར་གཞི་ལྟར་བོད་སྐད་ཡིག་གི་སྙན་ངག་གྱེར་འདོན་གྱི་འགྲན་སྡུར་ཆེན་མོ་སྤེལ་བ་རེད། ཐེངས་འདིའི་བྱ་འགུལ་ལ་སློབ་ཕྲུག་ཉིས་བརྒྱ་ལྷག་ཞུགས་ཡོད་པ་དང་། སློབ་ཕྲུག་སོ་སོས་དཔལ་དོན་གྲུབ་རྒྱལ་གྱི༼ལང་ཚོའི་རྦབ་ཆུ༽གཙོ་བྱས་པའི་བརྗོད་བྱ་ཡག་ལ་ཁ་ཕྱོགས་གསལ་བ། སྙིང་སྟོབས་དང་བློ་སྤོབས། རེ་འདུན་དང་དུངས་སེམས་ཀྱིས་ཀུན་ནས་ཕྱུག་པའི་སྙན་ངག་མང་པོ་གྱེར་འདོན་བྱས་ཏེ། བོད་སྐད་ཡིག་གི་བཀོལ་སྤྱོད་དང་རིན་ཐང་། རྒྱུད་འཛིན་དང་དར་སྤེལ་སོགས་ལ་སྐུལ་ལྕག་གི་ནུས་པ་ཆེན་པོ་ཐོབ་ཡོད།

སྙན་ངག་གྱེར་འདོན་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

        རེབ་འདིའི་བྱ་འགུལ་ཁྲོད་ཞུགས་པའི་གྱེར་འདོན་བྱེད་མཁན་གྱི་སློབ་ཕྲུག་ཡོད་ཚད་ལ་དགེ་སློབ་ཡོངས་ཀྱིས་གདེང་འཇོག་ཚད་མེད་ཐོབ་ཡོད་པ་དང་། རྗེས་སོར་བོད་སྐད་ཡིག་ལ་སྦྱངས་པ་ལྷོད་མེད་ཡོང་བའི་ཆེད་དུ་འགྲན་ཞུགས་མི་སྣ་སོ་སོར་རིགས་ཞེན་གྱི་མེ་དཔུང་འབར་བའི་པཎ་ཆེན་སྣང་བ་མཐའ་ཡས་མཆོག་གི་རྣམ་ཐར་དང་། རྗེ་ཡབ་སྲས་ཀྱི་གསུང་འབུམ། ས་དགེ་བཀའ་རྙིང་གི་མཁས་པའི་བསླབ་གདམས། དེང་རབས་འཕེལ་རྒྱས་ཀྱི་འཕར་རྩ་ལྡིང་བའི་འཛམ་གླིང་མཁས་པའི་གསུང་རྩོམ་བོད་འགྱུར་མ་སོགས་བྱ་དགའ་གྱ་ནོམ་པ་བསྩལ་ཡོད།

སྙན་ངག་གྱེར་འདོན་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

སྙན་ངག་གྱེར་འདོན་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

སྙན་ངག་གྱེར་འདོན་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

སྙན་ངག་གྱེར་འདོན་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

སྙན་ངག་གྱེར་འདོན་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

སྙན་ངག་གྱེར་འདོན་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།