སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཁྱིམ་ཚང་སློབ་གསོ་སྐོར་གྱི་འཆད་ཁྲིད་གནང་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 18/09/13

སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཁྱིམ་ཚང་སློབ་གསོ་སྐོར་གྱི་འཆད་ཁྲིད་གནང་བ།

       ཟླ་དགུ་པའི་ཚེས་བརྒྱད་ཉིན་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་གླིང་གཙོ་གཞོན་པའམ་མིང་དུ་གྲགས་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་ཆེད་མཁས་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དུ་ཕེབས་ནས་དགེ་རྒན་དང་སློབ་མའི་ཁྱིམ་བདག་རྣམས་ལ་འཆད་ཁྲིད་གནང་བ་རེད།

སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཁྱིམ་ཚང་སློབ་གསོ་སྐོར་གྱི་འཆད་ཁྲིད་གནང་བ།

       སྔ་དྲོར། ཁོང་གིས་མི་རིགས་སློབ་གསོ་དང་རང་ཉིད་ཀྱིས་བགྲང་བྱ་བཅུ་ཕྲག་འགའ་ལ་དགེ་རྒན་གྱི་ཕྱག་ལས་གནང་བའི་ཉམས་མྱོང་གཞིར་བྱས་ཏེ། དགེ་རྒན་གྱི་མཚན་ཉིད་དང་། དགེ་རྒན་ཞིག་ལ་ལྡན་དགོས་པའི་བསམ་བློ་དང་རིག་གནས་ཀྱི་ཆུ་ཚད། ཀུན་སྤྱོད། དཔེ་ཀློག་གི་གལ་ཆེན་རང་བཞིན། སློབ་མ་བསྐྱང་ཚུལ་སོགས་ཀྱི་ཕྱོགས་ནས་བུམ་པ་གང་བྱོའི་ཚུལ་དུ་བསླབ་བྱ་མང་པོ་གནང་།

སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཁྱིམ་ཚང་སློབ་གསོ་སྐོར་གྱི་འཆད་ཁྲིད་གནང་བ།


       ཕྱི་དྲོའི་འཆད་ཁྲིད་ཀྱི་ནང་དོན་ལ་གཙོ་བོར་ཕྱོགས་དྲུག་འདུས་པ་སྟེ།
       གཅིག ཕ་མ་ཞིག་ཡིན་ན་ཕ་སྐད་གཙང་མ་བཤད་དགོས། དེ་ལའང་༡.རང་ཉིད་ཀྱིས་ཕ་སྐད་གཙང་མ་བཤད་དགོས་པ། རྒྱུན་གཏན་གྱི་འཚོ་བའི་ནང་རང་གིས་ཕ་སྐད་བཤད་པ་དང་བྱིས་པའང་ཕ་སྐད་གཙང་མ་བཤད་པར་གོམས་དགོས།
       ༢.བོད་ཡིག་སྦྱོང་བའི་གལ་ཆེན་རང་བཞིན། 
       ༣.བོད་མི་རིགས་རང་ཉིད་ཀྱི་སྐད་ཆ་བྱུང་འཕེལ།
       ༤.སྐད་ཆའི་བརྗོད་སྟངས་དང་བརྗོད་སྲོལ།
       ༥.བོད་སྐད་ནི་མི་རིགས་གཞན་གྱི་སྐད་ཆ་ལས་ཁྱད་འཕགས་ཡིན་པ། 
       ༦.དགེ་རྒན་གྱི་ཐོག་མ་ནི་ཨ་ཕ་དང་ཨ་མ་ཡིན་པ་བཅས་ཟུར་དྲུག་བརྒྱུད་ནས་ཕ་སྐད་གཙང་མ་བཤད་དགོས་ཚུལ་བདེན་སྒྲུབ་བྱས།
       གཉིས། བུ་ཕྲུག་དྲང་ལམ་དུ་འཇུག་པའི་ཕ་མ་ཞིག་བྱེད་དགོས། ༡.ཕ་མ་གཉིས་ཀྱིས་བུ་ཕྲུག་ལ་མིག་དཔེ་སྟོན་དགོས་པའི་སྐོར།
       ༢.བྱིས་པའི་མདུན་དུ་བཤད་རུང་བ་དང་བཤད་མི་རུང་བའི་སྐད་ཆ། 
       ༣.བྱིས་པ་དྲང་ལམ་དུ་འཇུག་པའི་འགན་འཁུར། 
       གསུམ། བུ་ཕྲུག་སློབ་གྲྭར་བསྐྱལ་མཁན་གྱི་ཕ་མ་ཞིག་ཡིན་དགོས། 
       ༡.འཇིག་རྟེན་ཁམས་ཀྱི་ཤེས་བྱ་ཐམས་ཅད་སྦྱང་ནས་གྲུབ་འབྲས་ཐོན་པ། 
       ༢.བུ་ཕྲུག་སློབ་གྲྭར་བསྐྱལ་དགོས་པའི་གལ་ཆེན་རང་བཞིན། 
       ༣.རང་རྒྱལ་གྱི་མི་རིགས་ང་དྲུག་ལས་བོད་པ་ཚང་རིག་གནས་སྦྱང་མཁན་ཨང་དུ་བ་ཡིན་པ།
       ༤.དབྱར་དགུན་གནང་གི་སྐབས་སུ་སློབ་མར་རང་སྦྱོང་བྱེད་དུ་འཇུག་པ།
       ༥.བྱིས་པའི་ལྭ་བ་གྱོན་སྟངས་དང་སྐྲ་སོགས་འཇོག་སྟངས། 
       ༦.བྱིས་པས་ཡི་གེ་སློབ་དགོས་པའི་གལ་ཆེན་རང་བཞིན།
       ༧.ཕ་མ་ཞིག་ཡིན་ན་བུ་ཕྲུག་གི་སློབ་སྦྱོང་ཐད་དུ་འགྲོ་སོང་གཏོང་དགོས་པ།
       བཞི། ལས་ཀ་གང་་ཞིག་སྒྲུབ་ནའང་གནས་ལུགས་དང་མཐུན་པ་ཞིག་ཡིན་དགོས། 
       ༡.ཕ་མ་ཞིག་ཡིན་ན་ལས་ཀ་གང་ཞིག་སྒྲུབ་ནའང་གནས་ལུགས་དང་མཐུན་པ་ཞིག་ཡིན་དགོས།
       ༢.རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པར་ལས་ཀ་སྒྲུབ་དགོས་པ།
       ༣.ཁྱིམ་ཚང་ནི་བརྩེ་བ་ལྡན་པ་ཞིག་ཡིན་དགོས་པ།
       ༤.རྒྱུ་འབྲས་དང་མཐུན་པ་ཞིག་ཡིན་དགོས་པ།
       ལྔ། བུ་ཕྲུག་ལ་འཚོ་ལམ་ཡག་པོ་ཞིག་སྟེར་དགོས་པ།
       ༡.ཁྲིམས་ལུགས་དང་དཔལ་འབྱོར་ལམ་ལུགས་སོགས་ལའང་སྦྱང་དགོས་པ།
       ༢.བུ་ཕྲུག་རང་ཉིད་བདག་དབང་ཅན་དུ་འགྱུར་བར་བརྩོན་པ།
       ༣.སྤྱི་ཚོགས་ལ་མཁོ་བའི་ལག་རྩལ་ཁྱད་པར་ཅན་སློབ་པ།
       ༤.དུས་རབས་དང་མཐུན་པའི་འཚོ་བ་རོལ་སྟངས་ཤེས་སུ་འཇུག་དགོས་པ། 
       དྲུག བུ་ཕྲུག་གིས་མ་འོངས་བར་བྱ་བ་ཅི་ཞིག་བསྒྲུབ་པར་ཁྱིམ་བདག་ལ་འགན་འཁུར་ཡོད།
       ༡.བྱིས་པའི་ཆེད་ལས་ལ་སྤྲོ་སྣང་བསྐྱེད་བསྲིང་བྱེད་པ།
       ༢.སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་རྗེས་རེ་བ་འདེམ་ཚུལ། 
       ༣.ཁྱིམ་བདག་གི་འགན་འཁུར་སོགས་དུས་ཚོད་གཉིས་ལྷག་རིང་ལ་ཁྱིམ་བདག་ལ་ཕན་པའི་བསླབ་བྱ་གང་མང་ཞིག་གསུངས་བ་རེད། 

     སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཁྱིམ་ཚང་སློབ་གསོ་སྐོར་གྱི་འཆད་ཁྲིད་གནང་བ།  

       མཇུག་མཐར། སློབ་གཙོ་རྒྱ་མཚོ་ལགས་ཀྱིས་ཁྱིམ་བདག་དང་དགེ་རྒན་རྣམས་ཀྱི་ཚབ་བྱས་ཏེ་སློབ་དཔོན་ཁོང་ལ་ཐུགས་རྗེ་ཞུ་བ་དང་ཁྱིམ་བདག་སངས་རྒྱས་སྐྱབས་དང་ཙི་བྷ་རྡོ་སོགས་ཀྱིས་ཀྱང་དྲི་མེད་ཀྱི་ཁ་བཏགས་དྲངས་ནས་བཀའ་དྲིན་ཡང་ཡང་ཞུ། སློབ་གཙོ་རྒྱ་མཚོ་ལགས་ཀྱིས་ཁྱིམ་བདག་རྣམ་པས་དེ་རིང་གི་བསླབ་བྱ་ཡིད་ལ་བཅངས་ཏེ་རང་གི་བུ་ཕྲུག་འཇོན་ཐང་ཅན་ཞིག་ཏུ་སྐྱོང་བ་ལ་ནུས་ཤུགས་ཡོད་དགུ་འདོན་དགོས་པའི་རེ་བ་བཏོན། 

སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཁྱིམ་ཚང་སློབ་གསོ་སྐོར་གྱི་འཆད་ཁྲིད་གནང་བ།

       འཆད་ཁྲིད་མཇུག་རྫོགས་རྗེས། རྒན་ལྕགས་ཐར་རྒྱལ་ལགས་སློབ་གཙོ་རྒྱ་མཚོའི་འགྲོ་རོགས་འོག་སློབ་གྲྭའི་དཔེ་མཛོད་ཁང་དང་ལོ་རྒྱུས་འགྲེམ་སྟོན་ཁང་སོགས་སུ་ཕེབས་ནས་སློབ་གྲྭའི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་མ་འོངས་པའི་སློབ་སྒྲུབ་ཐད་དུའང་མཛུབ་སྟོན་གལ་ཆེན་གནང་བ་རེད།

སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཁྱིམ་ཚང་སློབ་གསོ་སྐོར་གྱི་འཆད་ཁྲིད་གནང་བ།

སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཁྱིམ་ཚང་སློབ་གསོ་སྐོར་གྱི་འཆད་ཁྲིད་གནང་བ།

སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཁྱིམ་ཚང་སློབ་གསོ་སྐོར་གྱི་འཆད་ཁྲིད་གནང་བ།

སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཁྱིམ་ཚང་སློབ་གསོ་སྐོར་གྱི་འཆད་ཁྲིད་གནང་བ།

སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཁྱིམ་ཚང་སློབ་གསོ་སྐོར་གྱི་འཆད་ཁྲིད་གནང་བ།

སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཁྱིམ་ཚང་སློབ་གསོ་སྐོར་གྱི་འཆད་ཁྲིད་གནང་བ།

སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཁྱིམ་ཚང་སློབ་གསོ་སྐོར་གྱི་འཆད་ཁྲིད་གནང་བ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།