མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 18/09/13

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

       དགེ་རྒན་གྱི་དུས་ཆེན་སླེབས་ལ་ཉེ་བའི་གསེར་མདོག་གི་དུས་ཏེ་སྤྱི་ཟླ་དགུ་པའི་ཚེས་བརྒྱད་ཉིན། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་འགོ་ཁྲིད་ཚན་ཆུང་ནས་སློབ་སྐབས་གསར་པའི་བྱ་བའི་འཆར་གཞི་ལྟར། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་དཔོན་གཞོན་པ་དང་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའི་ཅི་གཞོན་པ་སྟེ།སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་གདན་ཞུ་བྱས་ཏེ་༼དགེ་རྒན་གྱི་ཀུན་སྤྱོད་དང་མི་རིགས་སློབ་གསོ༽འི་སྐོར་གྱི་འཆད་ཁྲིད་གནང་བ་རེད།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

       ཐེངས་འདིའི་འཆད་འཁྲིད་ལ་རང་སློབ་གྲྭའི་དགེ་རྒན་གཙོ་བྱས་པའི་མི་རིགས་སློབ་གསོའི་ལས་དོན་ཁུར་དུ་ལེན་བཞིན་པའི་བོད་རིགས་དགེ་རྒན་ཉིས་བརྒྱ་ལྷག་ཞུགས་ཡོད་པ་རེད།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

       སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་གཙོ་བོར་ཕྱོགས་བཞི་ནས་ང་ཚོ་ལ་སློབ་སྟོན་གནང་ཡོད་པ་སྟེ།
       གཅིག ལས་དང་ལས་མ་ཡིན་པའི་ཁྱད་པར་འབྱེད་ཤེས་དགོས་པ། 
       དགེ་རྒན་ནི་ནམ་ཡང་འགན་ཁུར་གྱི་འདུ་ཤེས་ཅན་ཞིག་ཡིན་དགོས་པ་སྟེ། སློབ་མའི་དཔེ་ལྟའི་གནས་ཁྱད་པར་ཅན་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་འགན་འཁྲིའི་ལས་གང་ཡིན་པ་གསལ་བོར་ཤེས་དགོས་ཤིང་། ལུས་ངག་གང་གི་ཆ་ནས་ཀྱང་འོས་མིན་གྱི་བྱེད་ལས་ཅུང་ཙམ་ཡང་བགྱིད་མི་རུང་བའི་དཔེ་ཁྲིད་མི་སྐྱོང་གི་ལས་རིགས་རླབས་ཆེན་དེའི་རྩེ་ན་འགྲེང་ཡོད་ཕྱིན་ང་ཚོ་ནི་ནམ་ཡང་བྱིས་པ་དག་ལེགས་ལམ་དུ་ཁྲིད་མཁན་དེ་ཡིན་པར་མ་ཟད། ལོག་ལམ་དུ་བསྐྱེལ་མཁན་དེ་ཡང་ཡིན་སྲིད་ཅེས་གལ་བོ་ཆེ་ལ་ནན་གྱིས་གསུངས་ཡོད་པ་རེད། ཁོང་གིས་དགེ་རྒན་གྱི་མཚན་ཉིད་དང་འགན་འཁྲི། བསམ་པའི་ཀུན་སློང། ལུས་ཀྱི་ཉམས་འགྱུར། ངག་གི་སྒྱུ་རྩལ། རྒྱན་གོས་ཆ་ལུགས་ཀྱི་མཛེས་དཔྱོད་ལྟ་བ་སོགས་ལ་དཔེ་མཚོན་གསོན་ཉམས་ཅན་མང་པོ་དྲངས་ཏེ་དོན་གནད་ལ་འཁེལ་བའི་སྒོ་ནས་གསལ་འབྱེད་བྱས་པ་དང་། ཐ་ན་རྒན་དང་དགེན་གྱི་མཚན་འདོགས་སྟངས་ཀྱི་ཁྱད་པར་དང་། ཡང་དག་ཡིན་མིན་གྱི་ཐད་ནས་ཀྱང་དཔེ་དང་གཞུང་ལ་སྦྱར་ནས་ཞིབ་ཏུ་གསུངས་ཡོད།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

       གཉིས། དགེ་རྒན་ཞིག་ཡིན་ན་དུས་དང་དུས་མ་ཡིན་པའི་ཁྱད་པར་འབྱེད་ཤེས་དགོས་པ།
       དགེ་རྒན་གྱི་མཚན་ཉིད་ཚང་བ་ཞིག་ཡིན་ན། དགེ་རྒན་ནི་སྒེར་དོན་དང་གཞུང་དོན་གྱི་ཁྱད་པར་གསལ་བོར་འབྱེད་ཤེས་དགོས་པ་ཞིག་ཡིན་དགོས་ལ། དུས་ཚོད་ཀྱི་འདུ་ཤེས་ལྡན་དགོས་ངེས་ཀྱི་མི་དེ་ཡིན་པས། དུས་ནམ་ཡིན་ཡང་སྒེར་དོན་གྱིས་དཔེ་ཁྲིད་མི་སྐྱོང་གི་བྱ་བར་ཤུགས་རྐྱེན་ཅུང་ཙམ་ཡང་ཐེབས་སུ་འཇུག་མི་རུང་ཞེས་བསྟན་ཡོད། 
       གསུམ། དཔེ་ཆ་ཀློག་པ་དང་མི་ཀློག་པའི་ཁྱད་པར།
       དགེ་རྒན་གྱིས་སློབ་མ་ལ་དཔེ་ཁྲིད་བྱེད་དགོས་ན་རྒྱུན་པར་དཔེ་ཆར་བལྟ་ཀློག་བྱེད་དགོས་པ་ནི་སྨྲ་མེད་རེད། དགེ་རྒན་གྱིས་རྒྱུན་དུ་དཔེ་ཀློག་མང་པོ་བྱས་ཏེ་ཁྲིད་གཞི་གང་དེའི་འབྲེལ་ཡོད་ཀྱི་ཤེས་བྱ་གང་མང་ཞིག་བསྡུ་ལེན་བྱས་ན་ད་གཟོད་སློབ་མ་ལ་སློབ་ཁྲིད་ཡག་པོ་ཞིག་བྱེད་ཐུབ་ངེས་ཡིན་པ་དང་། དུས་བབས་དང་བསྟུན་ཏེ་སྐབས་དོན་དངོས་ཀྱི་གསར་བྱུང་གི་གནས་ཚུལ་དང་རམ་འདེགས་ཐུབ་པའི་ཤེས་བྱ་ཁྲིད་གཞི་དང་སྦྱར་ཏེ་སློབ་མར་བློ་བསྐྱེད་བྱེད་པ་དང་། རྒྱུན་པར་དཔེ་ཀློག་གི་གལ་ཆེན་རང་བཞིན་བརྗོད་དེ་དགེ་རྒན་ནི་སློབ་མའི་དཔེ་ཀློག་གི་མིག་དཔེ་བཟང་བོ་ཆགས་པར་བརྩོན་དགོས་པ་གསུངས། 
       བཞི། དཔེ་ཁྲིད་མི་སྐྱོང་གི་བྱ་བའི་གལ་ཆེན་རང་བཞིན་ཤེས་དགོས་པ།
       དགེ་རྒན་གྱི་ལས་རིགས་འདི་གཉེར་མཁན་གྱི་མི་ཞིག་ཡིན་ཚེ། སྦྱངས་འབྲས་འབུར་ཐོན་ཅན་གྱི་སློབ་མ་སྐྱོང་རྒྱུ་དེ་ཙམ་མ་ཡིན་པར། ཡ་རབས་གཤིས་བཟང་གི་སློབ་བུ་མང་པོར་རང་མི་རིགས་ཀྱི་སྲོལ་བཟང་པོ་དང་དཔེ་བཟང་པོ་དོར་དུ་མི་འཇུག་པར། མི་རིགས་གཞན་པའི་དཔེ་བཟང་གི་ཆ་དེ་རྒྱུད་ལ་ཆགས་པར་བྱས་ཏེ། མ་འོངས་པར་དུས་བབས་དང་བསྟུན་ཏེ་ལས་རིགས་སྣ་ཚོགས་ལ་ཞུགས་ཐུབ་པའི་མི་བུ་བསྐྱེད་བསྲིང་བྱེད་དགོས་པ་དེ་རེད། དཔེ་ཁྲིད་མི་སྐྱོང་གི་བྱ་བ་ནི་རླབས་ཆེ་ལ་ཚེགས་ཀྱང་ཆེ་བའི་ལས་དོན་བླ་ན་མེད་པ་དེ་ཡིན་ཕྱིར། སློབ་བུ་རྣམས་ལ་ཕྱོགས་ལྷུང་དང་ཉེ་རིང་གི་ལྟ་ཚུལ་རབ་ཏུ་སྤངས་ཏེ་ཤ་ཚ་སྙིང་ཉེ་དང་རེ་བ་ནན་མོ་ཞིག་འཛིན་དགོས་བའི་རྩ་དོན་ཡང་དང་བསྐྱར་ཏུ་གསུངས་ཤིང་དགེ་མིང་འཛིན་པའི་སྡེ་སྤྱི་ལ་ནན་གྱིས་སྐུལ་ཡོད། 

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

       མཇུག་མཐར། སློབ་གཙོ་རྒྱ་མཚོ་ལགས་ཀྱིས་ཚོགས་ཞུགས་དགེ་རྒན་རྣམས་ཀྱིས་ཚབ་བྱས་ཏེ་སློབ་དཔོན་ལྕགས་ཐར་རྒྱལ་ལགས་ལ་སློབ་སྟོན་ཟབ་མོ་གནང་བར་བཀའ་དྲིན་ཞུ་བ་དང་དེར་བཞུགས་ཀྱི་དགེ་རྒན་རྣམས་ལ་སློབ་དཔོན་དམ་པའི་གདམས་ངག་འདི་དག་ཡིད་ལ་བཅངས་ཏེ་ཐུན་མོང་མ་ཡིན་པའི་དགེ་རྒན་ཞེས་པའི་ལས་འདི་ལ་ཧུར་ཐག་འབད་བརྩོན་བྱ་དགོས་པའི་སྐུལ་མ་བཏང་བ་དགེའོ། 

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀུན་སྤྱོད་དང་མི་རིགས་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་བ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།