སློབ་གཙོ་སྐར་མ་སྐྱབས་ལགས་ཀྱི་སློབ་གསོ་སྐོར་ཀྱི་བརྩམས་ཆོས་གཉིས་པ་སྟེ་སློབ་གསོ་དོ་དམ་གྱི་སྒྱུ་རྩལ་པར་བསྐྲུན་བྱས་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། Jzschool.com རྡེབ་ཚད། སྤེལ་དུས། 10/03/07

       ཉེ་ཆར་རང་སློབ་གྲྭའི་སློབ་གཙོ་སྐར་མ་སྐྱབས་ལགས་ཀྱི་སློབ་གསོའི་གཞུང་ལུགས་ཀྱི་ཉིང་བཅུད་འདུས་པའི་་བརྩམས་ཆོས་གཉིས་པ་སྟེ་《སློབ་གསོ་དོ་དམ་གྱི་སྒྱུ་རྩལ》ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་འགྲེམས་སྤེལ་བྱས་ཟིན། བརྩམས་ཆོས་འདི་ནི་སྤུས་ཚད་ཡར་སྐུལ་དང་དོ་དམ་དཔྱད་འཇོག་གི་ཟབ་ཚད་འབུར་དུ་ཐོན་པ། སློབ་གཞིའི་ཤེས་ནུས་རྩལ་གསུམ་གྱི་ར་བ་ཆེན་པོའི་ནང་དུ་སློབ་དང་ཁྲིད་ཀྱི་ཟློས་གར་རེ་རེ་ཇི་ལྟར་སྒྱུར་ཚུལ་གྱི་སློབ་གསོའི་དེབ་ཆུང་ཕུན་སུམ་ཚོགས་པ་ཞིག་སྟེ། གཞི་རིམ་སློབ་གྲྭ་ཆུང་འབྲིང་གི་འཕེལ་རྒྱས་དང་ཤིན་ཏུ་འཚམ་ལ། ཟུར་ལྟའི་རིན་ཐང་ཧ་ཅང་ཆེ་བས། རྒྱ་ཆེ་བའི་སློབ་གསོ་དོ་དམ་པ་དང་དགེ་སློབ་རྣམས་ཀྱིས་དཔྱད་ཞིབ་དང་ཟུར་ལྟ་བྱེད་ཆོག་པ་ཞིག་རེད།

སློབ་གཙོ་སྐར་མ་སྐྱབས་ལགས་ཀྱི་སློབ་གསོ་སྐོར་ཀྱི་བརྩམས་ཆོས་གཉིས་པ་སྟེ་སློབ་གསོ་དོ་དམ་གྱི་སྒྱུ་རྩལ་པར་བསྐྲུན་བྱས་པ།

དཀར་ཆག
༡ ཀོའུ་བ་རིན་པོ་ཆེ་མཆོག་གིས་མི་རིགས་སློབ་གསོའི་ལས་དོན་ཐད་གནངས་པའི་གསུང་བཤད།
༢ སྲོལ་རྒྱུན་སློབ་གསོ་ལས་འཕྲོས་པའི་ལུས་ངག་ཡིད་གསུམ་གྱི་སློབ་གསོའི་བྱ་ཐབས།
༣ སྤུས་ཚད་གསུམ་ལྡན་གྱི་སློབ་མ་ཇི་ལྟར་བསྐྱེད་བསྲིང་བྱ་དགོས།
༤ སློབ་མའི་སྤྱོད་སྟངས་ལ་དཔྱད་འཇོག་བྱ་ཐབས།
༥ སློབ་གྲྭ་ཆུང་འབྲིང་གི་སློབ་མར་དོ་དམ་བྱ་ཐབས།
༦ སློབ་གསོའི་སློབ་ཁྲིད་དོ་དམ་ཐད་ཀྱི་བསམ་འཆར།
༧ སློབ་གཞིའི་བརྗོད་དོན་ཞིབ་འཇུག་གི་དོ་དམ་བྱ་ཐབས།
༨ མཉམས་ལས་ཀྱི་སློབ་ཁྲིད་བྱ་ཐབས།
༩ སློབ་ཁྲིད་ཇུས་འགོད་སྒྱུ་རྩལ།
༡༠ མཐོ་འབྲིང་སློབ་མའི་སློབ་སྦྱོང་གི་སྤུས་ཚད་གོང་དུ་སྤེལ་ཐབས།
༡༡ སློབ་ཁྲིད་གྲ་སྒྲིག་དང་ལས་བྱར་ཞིབ་བཤེར་དང་དཔྱད་འཇོག་བྱ་ཐབས།
༡༢ དགེ་རྒན་དང་སློབ་མའི་གསབ་སྦྱོང་གྲུབ་འབྲས་ལ་དཔྱད་འཇོག་བྱ་ཐབས།
༡༣ སློབ་གྲྭའི་འགོ་ཁྲིད་འཛུགས་སྲོལ་སྐོར་གྱི་བསམ་འཆར་འགའ།
༡༤ མཇུག་གི་གཏམ།

སློབ་གཙོ་སྐར་མ་སྐྱབས་ལགས་ཀྱི་སློབ་གསོ་སྐོར་ཀྱི་བརྩམས་ཆོས་གཉིས་པ་སྟེ་སློབ་གསོ་དོ་དམ་གྱི་སྒྱུ་རྩལ་པར་བསྐྲུན་བྱས་པ།
༢༠༠༦ལོར་པར་བསྐྲུན་བྱས་པའི་<<སློབ་གསོ་དོ་དམ་གྱི་བསམ་གཞིགས་དང་ལག་ལེན།>>

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།