གཡང་རྫོང་རིག་པའི་གཟི་དཔལ་ཅེས་པའི་ས་གནས་སློབ་དེབ་པར་སྐྲུན་བྱས་པ།

སྤེལ་མཁན། Admin རྡེབ་ཚད། སྤེལ་དུས། 10/04/13

གཡང་རྫོང་རིག་པའི་གཟི་དཔལ་ཅེས་པའི་ས་གནས་སློབ་དེབ་པར་སྐྲུན་བྱས་པ།

       རང་སློབ་གྲྭའི་ས་གནས་སློབ་དེབ་རྩོམ་སྒྲིག་ཚན་ཆུང་གི་མི་སྣ་དག་གིས་དུས་ཡུན་ལོ་གཅིག་གི་རིང་ལ་འབད་བརྩོན་བྱས་པ་བརྒྱུད་༼གཡང་རྫོང་རིག་པའི་གཟི་དཔལ་༽ཅེས་པའི་ས་གནས་སློབ་དེབ་འདི་ད་ལྟ་པར་སྐྲུན་བྱས་ཡོད་འདུག ཉེ་སྔོན་གསར་དུ་པར་སྐྲུན་བྱས་པའི་ས་གནས་སློབ་དེབ་འདིའི་ནང་སྤྱི་བསྡོམས་རྩོམ་ཡིག་སོ་དྲུག་བཀོད་ཡོད་ལ། དེ་དག་སྡེ་ཚན་བཞི་རུ་བྱས་ཏེ་སྔོན་བྱུང་མི་སྣའི་ལོ་རྒྱུས་དང་གནས་ཡུལ་ངོ་སྤྲོད། རྗེས་རབས་པར་ཕན་པའི་མཁས་དབང་དག་འགའི་བརྩམས་ཆོས་རེ་གཉིས་བདམས་ཏེ་བཀོད་ཡོད་པ་ནི་འདི་ལྟ་སྟེ། སྡེ་ཚན་དང་པོའི་སྐོར་ལ་གཅན་ཚ་སྤྱི་བཤད། གཅན་ཚ་རྫོང་མི་རིགས་སློབ་འབྲིང་། ལོ་རྡོ་རྗེ་བྲག ཨ་ཆུང་གནམ་རྫོང་། རྐ་ཕུག་བློ་བཟང་དོན་འགྲུབ། མཁས་གྲུབ་ཆེན་པོ་ཀོའུ་བ་ཆོས་ཀྱི་རྒྱ་མཚོ། ཕ་མའི་དྲིན་མགུར། ཀོའུ་བ་བཤད་སྒྲུབ་གླིང་། མོག་རྒྱའི་མཁན་ཆེན་འཇམ་དབྱངས་རྒྱ་མཚོ། མདའ་བཤད་དགྲ་དཔུང་ཟིལ་གནོན། གཞུ་བཤད་བཅས་རྩོམ་ཡིག་བཅུ་གཅིག་བཀོད་ཡོད་པ་དང་། སྡེ་ཚན་གཉིས་པར་དགུ་རོང་སྣ་ཚོགས་རང་གྲོལ། ཀུན་མཁྱེན་འཇིགས་མེད་དབང་བོ། སློབ་གཉེར་བསླབ་བྱ། སྣང་རའི་གསེར་ཁང་། གོ་རེའི་བཤད་པ། ཞྭ་ལ་ཙེ། རྨ་མགུར་རྣམ་རྒྱལ་གླིང་། ཨ་ཁུ་བློ་བཟང་བསྟན་པ། ལྰ་མོ་བདེ་ཆེན་གླིང་བཅས་བཀོད་འདུག སྡེ་ཚན་གསུམ་པར་དཔལ་དོན་གྲུབ་རྒྱལ། འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག ཨ་མདོ་བྱམས་པ། ལྷ་རི་སྔགས་རམས་པ་བློ་བཟང་འབྱུང་གནས། ལྷ་རི་བསམ་གཏན་ཆོས་འཕེལ་གླིང་། ཆང་བཤད། དོ་རྒྱའི་སྔགས་ཁང་པད་དཀར་གླིང་བཅས་བཀོད་ཡོད་པ་དང་སྡེ་ཚན་གསུམ་པར་སྐྱ་རྒྱའི་སྔགས་ཁང་། གསང་སྒྲོག་དགོན། ཨ་འགྲོན་སྤྲུལ་སྐུ། རྟ་རྒྱུགས་དར་ཚུལ། རི་ཆུའི་འབབ་སྒྲ། ལོ་རྒྱུས་དོན་ཆེན་རབ་གསལ། རང་རྫོང་གི་ཆུ་མཛོད་ངོ་སྤྲོད། ཞང་དང་སྡེ་བ་སོ་སོའི་མིང་ཐོ། དགོན་སྡེ་ཁག་གི་གནས་ཡུལ་བཅས་རྩོམ་ཡིག་བཅུ་བཀོད་འདུག

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།