རང་སློབ་གྲྭའི་དགེ་སློབ་ཡོངས་ནས་རང་བྱུང་གནོད་འཚེ་བྱུང་བའི་ཡུས་ཧྲུའུ་ས་ཆར་རོགས་སྐྱོབ་མ་དངུལ་ཕུལ་བ།
སྤེལ་མཁན། དབང་གྲགས།
ཡོངས་ཁུངས། ངེད་དྲ་བ།
རྡེབ་ཚད།
སྤེལ་དུས། 10/04/16
ཚེས་བཅུ་བཞི་ཉིན་རང་ཞིང་གི་ཡུས་ཧྲུའུ་ས་ཁུལ་དུ་ཚད་རིམ་བདུན་གྲངས་ཆུང་གཅིག་གི་ས་འགུལ་བྱུང་རྗེས། རང་སློབ་གྲྭའི་དགེ་བཟོ་བ་དང་སློབ་མ་ཉིས་སྟོང་ལྷག་སློབ་གྲྭའི་རྩལ་སྦྱང་ར་བར་འདུ་འཛོམས་བྱས་ཏེ་རང་བྱུང་གི་གནོད་འཚེ་ཐེབས་པའི་ཡུས་ཧྲུའུ་ས་ཁུལ་གྱི་ཡུལ་མི་ཚོར་ཞལ་འདེབས་རོགས་དངུལ་ཕུལ་བའི་བྱ་འགུལ་སྤེལ། ཐེངས་འདིའི་བྱ་འགུལ་སྟེང་ཞལ་འདེབས་མ་དངུལ་སྤྱི་བསྡོམས་སྒོར་41313.6འདུས་ཡོད་པ་དང་བྱ་འགུལ་གྲོལ་བའི་དུས་མཚུངས་སུ་རོགས་སྐྱོབ་མ་དངུལ་ཡོད་ཚད་དུས་ཐོག་ཏུ་རྫོང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་སྤྲད།
ཞལ་འདེབས་ཕུལ་བར་གྲ་སྒྲིག་བྱེད་བཞིན་པ།
སློབ་གཙོས་འགོ་ཁྲིད་བྱས་ཏེ་ཞལ་འདེབས་ཕུལ་བཞིན་པ།
ཡུས་ཧྲུའུ་ཆུ་དམར་ལེབ་ཀྱི་སློབ་མ་བཅུ་དྲུག་གིས་སྣ་ཁྲིད་དེ་ཕ་ཡུལ་ལ་ཞལ་འདེབས་ཕུལ་བཞིན་པ། |
དཔྱད་གཏམ་ཡོངས་ལ་བལྟ་བ།




