སློབ་རའི་སྐར་ཆེན་གླུ་མ་བསྟན་འཛིན་དབང་མོ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 17/05/27

སློབ་རའི་སྐར་ཆེན་གླུ་མ་བསྟན་འཛིན་དབང་མོ།

       གླུ་མ་བསྟན་འཛིན་དབང་མོ་ནི་རྨ་ལུང་རིང་མོའི་འགྲམ་རྒྱུད་ཀྱི་གཅན་ཚ་ཚོ་དྲུག་ཡུལ་ཚོ་ཧོར་ཀྱལ་རྟའི་ཁུལ་གྲོང་སྡེ་རུ་ལྟེ་ཁྲག་འཕོས་ཤིང་འཚར་ལོངས་བྱུང་བ་དང་། ཆུང་དུས་ནས་ལྷན་སྐྱེས་ཀྱི་སྐད་ངག་འཛོམས་ལ་རང་གྲུབ་ཀྱི་ལུས་ལ་ཉམས་འགྱུར་ལྡན་པ། ཀུན་ལ་མཐུན་པའི་སྤྱོད་པ་བཟང་ཞིང་གཤིས་རྒྱུད་འཇམ་པའི་བོད་པའི་བུ་མོ་ཆུང་ཆུང་ཞིག་ཡིན། ཁོ་མོ་སློབ་ཆུང་ལོ་རིམ་གསུམ་པ་ནས་བཟུང་སྟེ་སྤྲོ་ཚོགས་ཆེ་མ་ཆུང་གསུམ་མང་པོ་ཞིག་ལ་ཞུགས་ཏེ་འཁྲབ་སྟོན་བྱས་ཤིང་། བྱིས་པ་མང་པོ་ཞིག་གི་སེམས་ཀྱི་གཏད་སོ་རུ་གྱུར་ཡོད། ཁོ་མོས་བླངས་པའི་གླུ་དབྱངས་ལ《ལུག་གི་ལོ་རྟགས》《རྨ་ཆུའི་བུ་མོ》《དཔྱིད་ཀ་སླེབས་བྱུང》《རི་གླུ》《གསེར་གྱི་མིག་འབྲས》《མེ་ཏོག་གངས་ལྷ》《མཚུངས་མེད་དྲིན་གྱི་བདག་པོ》འབའ་རྫོང་མི་རིགས་སློབ་འབྲིང་གི་སློབ་གླུ་《རིག་པའི་དགའ་ཚལ》སོགས་ཡོད་པ་དང་། ད་དུང་བོད་སྐད་མུ་འབྲེལ་བརྙན་འཕྲིན་ཟློས་གར《འཚར་ལོངས་སྐྱ་བོ》འི་བརྗོད་དོན་གླུ་དབྱངས་སོགས་གང་མང་བླངས་ཏེ་གྲགས་པའི་སྙན་པ་དབྱར་གྱི་མཚོ་མོ་རྒྱས་པ་ཇི་བཞིན་བོད་ཁམས་ཡོངས་ལ་གྲགས་པའི་སྙན་པ་འབར་ཡོད། ལས་དང་སྐལ་བའི་དབང་གིས་ཨ་མདོའི་བརྙན་འཕྲིན་ཁང་གིས་སྤེལ་བའི་མེ་ཏོག་གངས་ལྷའི་ལེ་ཚན་གྱི་ཆེད་སྒྲིག་ཕྲེང་བསྟར་ལེ་ཚན་ལང་ཚོའི་འགྱུར་ཁུགས་ཁག་དང་པོའི་གདན་ཞུའི་སྐུ་མགྲོན་ཐོག་མ་རུའང་གྱུར། ཉིས་སྟོང་བཅོ་ལྔ་ལོར་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་སློབ་མར་གྱུར་ཏེ་སློབ་ལ་བརྩོན་བཞིན་མུ་མཐུད་དུ་རང་ཉིད་ཀྱི་དགའ་ཕྱོགས་ལྟར་གླུ་དབྱངས་དང་ཞབས་བྲོ་སོགས་ལ་སྦྱོང་བ་བྱེད་བཞིན་ཡོད།

སློབ་རའི་སྐར་ཆེན་གླུ་མ་བསྟན་འཛིན་དབང་མོ།

སློབ་རའི་སྐར་ཆེན་གླུ་མ་བསྟན་འཛིན་དབང་མོ།

སློབ་རའི་སྐར་ཆེན་གླུ་མ་བསྟན་འཛིན་དབང་མོ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།