“ཁ་སང་གི་གཏམ་རྒྱུད”ལས་དྲངས་བའི་སེམས་ཀྱི་འབོད་པ།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 10/03/23

མཐོ་འབྲིང་གསུམ་གཅིག་འཛིན་གྲྭ བཀྲ་ཤིས་དོན་གྲུབ།

       གནམ་ལོ་གསར་བའི་དུས་བཟང་གི་ཕོ་ཉ་དེ་སྙན་ཞིང་འཇེབས་པའི་ཅོང་སྒྲ་དང་བསྡེབས་ནས་ཆེམ་ཆེམ་དུ་སླེབས་བྱུང་། དུས་དེ་ཙ་ན “ཁ་སང་གི་གཏམ་རྒྱུད”ཅེས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་མཆོར་སྒེག་གི་ཉམས་དང་བཅས་བོད་རིགས་ཚོའི་རྣ་བའི་བཅུད་དང་མིག་གི་དགའ་སྟོན་དུ་འཇོ་བཞིན་པའི་སྒང་ཡིན།
       གཏམ་རྒྱུད་དེར་ལྟོས་ཚོད་དུ་འབྲོག་པའི་འཚོ་བ་ཞིག་གི་གནས་ཚུལ་བཀོད་ཡོད་པ་འདྲ་མོད། འོན་ཀྱང་ཞིབ་ཏུ་བལྟས་ཚེ།དེར་མི་རིགས་ཤིག་གི་ལོ་རྒྱུས་དང་ཡུལ་སྲོལ་གོམས་འདྲིས། ཆོས་ལུགས་དད་མོས། དགའ་སྐྱོ་ཆགས་སྡང་།སེམས་ཀྱི་སྨོན་འདུན་སོགས་གསལ་ལེར་བཀྲམ་ཡོད།
       ད་དུང་འདིའི་ནང་དུ་མིག་ངར་གྱི་གནད་དོན་མང་པོ་ཀྱང་ལྷགས་ཡོད་ལ། ནང་སྒོས་སུ་རིག་གནས་ཀྱི་གདོང་གཏུག་ཧ་ཅང་ཛ་དྲག་ཆེ་བས། རང་རང་གིས་ཐུན་མིན་རིག་གནས་བདག་དམ་དང་འཕེལ་རྒྱས་སུ་མ་བཏང་ན། སྔོན་ཐོན་རིག་གནས་སམ་ཁྱབ་ཆེ་བའི་རིག་གནས་ཀྱིས་རང་རིགས་ཀྱི་རིག་གནས་འདི་ཁྱུར་མིད་བྱེད་པར་ཉེན་ཁ་ཡོད་པའང་ཤུགས་སུ་བསྟན་པ་རེད།
       དུས་རབས་ཉེར་གཅིག་པ་རྒྱལ་ཕམ་དང་འགྲན་རྩོད་ངང་ཕར་བསྐྱོད་ཀྱིན་ཡོད་ནའང་། ང་ཚོས་རང་ཉིད་ཀྱི་ལྟེ་ཁྲག་འཕོ་སའི་རིག་གནས་དེ་ཞབས་འོག་ཏུ་མནན་ཏེ། མཐའ་གཅིག་ཏུ་གཞན་གྱི་རྗེས་སུ་རྒྱུགས་ན་རང་ཉིད་བོར་འགྲོ་བའི་ཉེན་ཁ་ཆེ་བ་ཡིན། དེའི་ཕྱིར་ང་ཚོས་སྲོལ་རྒྱུན་གཞིར་བཞག་སྟེང་འཛམ་གླིང་སྔོན་ཐོན་རིག་གནས་ཀྱི་ལེགས་ཆ་སྡུད་ལེན་བྱས་ནས་གཉིས་ཀ་མཉམ་དུ་སྦྱར་ཚེ།ད་གཟོད་རིག་གནས་འདི་ནི་མར་དང་རྩམ་དྲི་འཐུལ་ཞིང་ཚན་རིག་གིས་ཡོངས་སུ་ཕྱུག་པའི་གསེར་འོད་ལམ་ལམ་གྱི་སྔོན་ཐོན་རིག་གནས་ཤིག་ཏུ་འགྱུར་བར་གདོན་མི་ཟ།
       གཏམ་རྒྱུད་དུའང་རྒད་པོ་ཞིག་གི་གནའ་བཤད་ཀྱིས་སྡེ་མི་ཚོ་མཉམ་འཛོམས་བྱུང་དུ་བཅུག་སྟེ། ཚོ་བ་དེར་བདེ་སྐྱིད་དང་དྲོད་ཁོལ་སྦྱིན། ཡིན་ནའང་ཞོ་བཞིན་ཆགས་པའི་ཚོ་བ་དེ “སྒྲ་སྡུད་འཕྲུལ་ཆས་ཤིག”གིས་ཁྲག་བཞིན་དཀྲུགས་ཏེ། རེ་ཞིག་ཨ་མྱེས་ཉི་མ་གཙོ་བྱས་པའི་རྒན་པ་དག་ལ་ན་ཟུག་གི་རྨ་ཁ་བསྐྱུར། རིམ་བཞིན་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་རྟ་རྡོ་སོགས་ནར་སོན་གྱི་གཞོན་ནུ་མང་པོ་ཞིག་གནའ་བཤད་ལ་ཉན་འདོད་པའི་འདུན་པ་རྨང་ནས་དོར་ཏེ། རྟོག་བཟོས་ཁེངས་བའི་དེང་རབས་ཀྱི་སྒྱུ་རྩལ་ལ་མགོ་འཁོར། སྤྱིར་རིག་གནས་ཤིག་གི་ཁ་གཏོད་ཕྱོགས་གཙོ་བོ་མ་འོངས་བ་ཡིན་པ་དང་།དེ་མ་ཉམས་གོང་འཕེལ་དུ་གཏོང་མཁན་ད་ལྟའི་ན་གཞོན་ཚོར་རག་ལས། དེ་བས་འདིར་གནད་དོན་ཆེན་པོ་ཞིག་འདུག་ལ། འདི་ཡང་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབས་དང་ཁྱད་ཆེན་པོ་མི་འདུགཅིའི་ཕྱིར་ཞེ་ན། དེང་གི་དུས་འདིར་བོད་ཀྱི་སློབ་གསོ་ཇེ་ཞན་དུ་འགྲོ་བཞིན་པའང་རྒྱ་སྐད་གཙོ་བྱས་པའི་སྐད་རིགས་འདྲེས་མས་ཤན་ཞུགས་པ་རེད་འདོད། དེའི་རྐྱེན་གནའ་གཏམ་ནང་གི “སྒྲ་སྡུད་འཕྲུལ་ཆས”དང་དེང་གི “སྐད་རིགས་འདྲེས་མ”གཉིས་ནི་སྲོལ་རྒྱུན་ལ་ཕོག་ཐུག་གཏོང་བྱེད་ཁོ་ནར་གྱུར། ཡིན་ཡང་དེ་གཉིས་ཀྱང་རྩ་བ་ནས་འདོར་མི་རུང་ལ། དེ་གཉིས་ནི་གསར་བྱུང་དང་རྗེས་ནས་ཆ་

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།