“ཁ་སང་གི་གཏམ་རྒྱུད”ལས་དྲངས་བའི་སེམས་ཀྱི་འབོད་པ།
སྤེལ་མཁན། དབང་གྲགས།
ཡོངས་ཁུངས། ངེད་དྲ་བ།
རྡེབ་ཚད།
སྤེལ་དུས། 10/03/23
| རྒྱུས་ཡོད་པ་ཞིག་ཡིན་སླད། ང་ཚོས་འདིས་གོང་མ་དག་ལ་་གནོད་སྐྱོན་མི་ཐེབས་པ་བྱས་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱས་ན། ད་གཟོད “མདའ་གཅིག་གིས་ཤ་བོ་ཉིས་སོད”ཅེས་པའི་དཔེ་རུ་གྱུར་འགྲོ། དེ་མིན་དེང་དུས་ཀྱི་གསར་བྱུང་རིག་གནས་རྐྱང་རྐྱང་ལ་སྦྱངས་བ་དཔྱིས་ཏེ་མེས་པོའི་མཛད་རྗེས་རྒྱབ་ཏུ་དོར་ན་ “དྲེད་མོས་འཕྱི་བ་བརྐོས་པ”བཞིན་མཐའ་མར་ཅི་ཡང་ལོན་མི་ནུས། ད་དུང་རང་ཉིད་བོད་ཅིག་ཡིན་པའི་ལ་རྒྱ་དང་གཟི་བརྗིད་ཀྱང་ཕྱིར་འཕངས་ཏེ་མི་མདོ་མེད་ཅིག་གི་མཚན་སྙན་དགའ་ལྷང་ལྷང་གི་སྒོ་ནས་ལེན་སྲིད། དེ་བས། འདས་སོང་གི་འཇིག་ཟིན་པའི་རིག་གནས་ལ་ཕྱིར་དྲན་ནམ་སླར་གསོ་བྱེད་པའི་དུས་སྐབས་འདིར། བོད་ཀྱི་སློབ་གསོ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བྱ་ཆེད། མཇུག་མཐར་ངས་བོད་ཁམས་གྱི་དགེ་སློབ་གཙོ་བྱས་པའི་བོད་རིགས་སྤུན་ཟླ་དག་ལ་དུས་རབས་གསར་བའི་ནང་དུ་རང་མི་རིགས་ཀྱི་རིག་གནས་ཀྱི་རང་གཤིས་ལ་ཆག་གྲུ་མ་འཆོར་བ་དང་། དར་སྤེལ་གཏོང་བའི་ཕྱོགས་ལ་བརྟུན་པ་སྐྱེད་དགོས་པར་རེ་བ་ཡང་ཡང་ཞུའོ༎ |
དཔྱད་གཏམ་ཡོངས་ལ་བལྟ་བ།

