གྲང་ངར་ཁྲོད་ཀྱི་གསོམ་སྡོང་།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 11/04/11

       ཁ་བྱང་འདི་མཐོང་མ་ཐག ཁྱེད་ལ་ཡ་མཚན་ངང་གི་སྐྱེས་སྲིད། སློབ་གྲོགས་ལ་ལས་“གྲང་ངར་ཁྲོད་ཀྱི་ཁ་བ”ཞེས་བཏགས་ན་འོས་པར་འདོད་མོད། དེ་ནི་མ་ཡིན་ཏེ། ཁ་བ་ནི་ཉི་འོད་དང་འཕྲད་ཚེ་ཆུ་ཀླུང་དུ་འགྱུར་བ་ཡིན། ཡང་སློབ་གྲོགས་ལས“གྲང་ངར་ཁྲོད་ཀྱི་རྩྭ་ཐང”ཞེས་འབྲི་བར་འདོད་མོད། དེ་ཡང་མི་འགྲིག་སྟེ། རྩྭ་ཐང་ནི་དགུན་ཁའི་གྲང་ངར་གྱི་ཟུག་སློང་ཐེབས་ན། དེའི་རང་གཤིས་སྐྱ་བོར་འགྱུར་སྲིད། ཡང་ལ་ལས“གྲང་ངར་ཁྲོད་ཀྱི་ཆུ་ཀླུང”ཞེས་འབྲི་མོད་དེ་ཡང་ཤིན་ཏུ་མི་ངེས་བ་ཞིག་སྟེ། ཆུ་ཀླུང་དེ་དག་དགུན་ཁའི་གྲང་ངར་འོག་སྲ་མཁྲེགས་ཅན་གྱི་ཆབ་རོམ་དུ་འགྱུར་བས་གང་ལྟར་འོས་སུ་ཆེ་བ་ཞིག་མ་རེད།
       ངས་བལྟས་ན། “གྲང་ངར་ཁྲོད་ཀྱི་གསོམ་སྡོང”ཞེས་སྦྱར་ཚེ་ཤིན་ཏུ་འོས་པར་སྙམ། དེ་ཡང་ཡིན་ཏེ། གསོམ་སྡོང་ནི་འཇིག་རྟེན་ཐོག་གི་རྩྭ་དང་རྩི་ཤིང་ཕལ་ཆེ་བ་ལྟར་དཔྱིད་ཀར་རྒྱས་ནས་དགུན་ཁར་སྐམ་པ་སྟེ་མདོག་སྐྱ་བོར་འགྱུར་བ་ཞིག་མ་ཡིན་པར་ལོ་སྟོང་ཕྲག་མང་པོར་འཚོ་ཐུབ་ཅིང་། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་ལ་དབྱེ་བ་མེད་པར་སྔོ་ལྗང་ལྗང་གི་གོས་ལྭ་བཀླུབས་ཡོད། དེ་ནི་གསོམ་སྡོང་ཁོ་རང་གི་རང་གཤིས་སམ་སྲ་ཞིང་བརྟན་པོའི་སྙིང་སྟོབས་ཏེ། ནམ་ཡང་འགྱུར་བ་མེད་པའི་ངང་ཚུལ་དེ་མཚོན་ཡོད།
       དེ་བས་ང་ཚོ་མི་སུ་ཞིག་ཡིན་རུང་གསོམ་སྡོང་ལྟར་གྲང་ངར་ལ་མགོ་མི་སྒུར་བའི་བླ་མེད་མཆོག་གྱུར་གྱི་སྙིང་སྟོབས་དེ་འདྲ་ཞིག་ཡོད་ན། འཇིག་རྟེན་ཐོག་བྱ་དཀའ་བའི་བྱ་བཞག་ཆེ་ཆུང་གང་འདྲ་ཞིག་ཡོད་རུང་སྒྲུབ་མི་ཐུབ་པ་དང་འགྲུབ་མི་སྲིད་པ་ཞིག་མེད་པ་ནི་སུས་ཀྱང་སྨྲ་མི་དགོས་པའི་བདེན་དོན་ཡིན། དེའི་རྐྱེན། ངཚོས་ཀྱང་གསོམ་སྡོང་གི་རང་གཤིས་དང་སྙིང་སྟོབས་དེ་འདྲ་ཞིག་ཡོད་ན། འཇིག་རྟེན་ཐོག་བྱ་དཀའ་བའི་བྱ་བཞག་ཆེ་ཆུང་གང་འདྲ་ཞིག་ཡོད་རུང་སྒྲུབ་མི་ཐུབ་པ་དང་འགྲུབ་མི་སྲིད་པ་ཞིག་མེད་པ་ནི་སུས་ཀྱང་སྨྲ་མི་དགོས་པའི་བདེན་དོན་ཡིན།
       དེའི་རྐྱེན། ངཚོས་ཀྱང་གསོམ་སྡོང་གི་རང་གཤིས་དང་སྙིང་སྟོབས་སོགས་ལ་སློབ་སྦྱོང་བྱས་ནས། རིག་པའི་གནས་ལ་སྦྱང་བརྩོན་བྱས་ན་ང་ཚོ་ཡང་སྔར་ལས་ཀྱང་འཕེལ་རྒྱས་སུ་འགྲོ་བར་མ་ཟད། རྒྱལ་ཁབ་དང་མི་རིགས་ལ་མཁོ་བའང་དེ་ཉིད་ཡིན་ཞིང་། ཕ་མ་དང་དགེ་རྒན་གྱིས་རེ་སྒུག་བྱེད་པའང་དེ་ཉིད་མ་ཡིན་ནམ།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།