མི་འགྱངས་བར།

སྤེལ་མཁན། Admin རྡེབ་ཚད། སྤེལ་དུས། 10/03/31

 ༠༩ལོའི་མཐོ་འབྲིང་མཐར་ཕྱིན་འཛིན་གྲྭ་གཉིས་པ། ཤ་བོ་སྐྱབས།

       མི་འགྱངས་བར། ཤེས་རིག་གི་ལྡིང་ཁང་ན་དཔེ་ཆ་གྲོགས་སུ་བསྟེན་ཞིང་སྣག་ཚ་བཏུང་བྱར་སྒོམ་པའི་རིག་པའི་སློབ་གྲོགས་ཚོས་རང་ཉིད་ཀྱི་འདུན་པ་ཟབ་མོ་ཕང་དུ་རུམ་རུམ་མཐར།ཤེས་ཡོན་གཉིས་ལྡན་གྱི་གཤོག་ཟུང་རྒྱས་ཏེ་ཕུགས་བསམ་གྱི་མལ་ས་དྲོན་མོ་རུ་རེ་ལྟོས་ཀྱི་བྱ་བཞག་མངོན་དུ་འགྱུར་བར་འཕུར་འགྲོ།
       མི་འགྱངས་བར། རྨོངས་མུན་གྱི་སྨུག་ཞགས་རིང་མོ་ཁྲོད་སོས་དལ་གྱིས་ཁྲོམ་ལ་མྱུལ་ཞིང་དུག་ལྔའི་ཨ་རག་གིས་བཟི་དྲགས་པའི་སློབ་གྲོགས་སྒྱིད་ལུག་དེ་ཚོས་འགྱོད་གདུང་གི་སྡུག་བསྔལ་ཕང་བར་སྦྲུམ་ཞིང་རེ་ཆད་ཀྱི་མཆི་མས་མིག་ཀོང་སྦངས་ནས་ཕྱིར་འབུད་མ་ནུས་པར་ཁྱིམ་ནས་ལུས་འགྲོ། 
       མི་འགྱངས་བར། ཆར་རྗེས་ཀྱི་ཤ་མོ་བཞིན་འཚར་ལོངས་བྱུང་བའི་སློབ་བུ་ཚོས་མཐར་ཕྱིན་སློབ་མ་དག་ལ་ཡིད་སྨོན་གྱི་ལྷ་རྫས་མཁའ་རུ་འདེགས་ཤིང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་སྲིད་ལ། སྡིགས་དམོད་ཀྱི་འཁང་ཚིག་རྣོན་པོས་བར་མེད་དུ་གཙགས་ཀྱང་སྲིད།

Copyright 2006-2010 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།