ཐོལ་བྱུང་གི་སྙན་ངག
སྤེལ་མཁན། Admin
རྡེབ་ཚད།
སྤེལ་དུས། 10/03/31
མཐོ་འབྲིང་གསུམ་གསུམ་འཛིན་གྲྭ ཚེ་རིང་དོན་གྲུབ།
བོད་མི།
ལས་དབང་ཙམ་ལ་མགོ་བོ་བསྒུར་ནས་ཕུགས་ཀྱི་འདུན་མ་རྐང་སྣེར་གཏད༎
རྨོངས་པའི་ཀློང་ན་ཅི་ཡིན་མ་ངེས་སྔུར་བ་རིང་མོ་ཤུགས་ཀྱིས་འཐེན༎
ཨ་ཕ།
ཆུང་དུས་སྐྱིད་རྒྱག་མ་ཤེས་དབང་གིས་ལུས་སེམས་དོན་མེད་ཆང་ལ་བརྗེས༎
ཨ་རག་བཟི་ཁའི་སྙིང་གཏམ་ཁ་ན་ཁྱིམ་ཚང་འདི་ཡི་བདེ་སྡུག་ཡོད༎
ཨ་མ།
མོ་ལོ་བདུན་བཞི་ཉེར་བརྒྱད་སྟེང་ནས་གཅེས་ཕྲུག་གསུམ་གྱི་ཨ་མར་ཉན༎
འདམ་དང་ལྕི་བའི་གཡོག་པོ་བྱེད་བཞིན་བརྩེ་བའི་སེམས་པ་ང་ཚོར་འཁྲེང་༎
ཕུ་བོ།
སློབ་གྲྭ་འགྲིམས་པའི་སྐལ་བ་མ་ཐོབ་དཀར་ནག་ཕྱུགས་ཀྱི་རྨིག་རྗེས་དེད༎
རྒན་རྣམས་བཀུར་ཞིང་ཆུང་ལ་བྱམས་པས་གཡང་སྡེ་ནང་གི་ཡ་རབས་ཡིན།།
ཨ་ཅེ།
བཅུ་དྲུག་ལང་ཚོ་མ་རྒྱས་གོང་ལ་དབང་ཆེན་ཨ་ཁུས་བག་མར་བརྫངས༎
ས་མཐའི་གནས་ཡུལ་སྐྱོ་མོ་ཞ
|