དྲིན།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 11/04/18

 དམའ་འབྲིང་གསུམ་དྲུག་འཛིན་གྲྭ བསོད་ནམས་རྒྱལ།

       འོ་ཞོ་མངར་མོའི་བཅུད་ལ་རོལ་དུས། ། 
       ཐུལ་དཀར་འབྲི་མོའི་དྲིན་ལན་མ་ཤེས། །
       ཐུལ་དཀར་འབྲི་མོ་འཚོང་དུ་ཁྲིད་ཉིན། །
       ཐུལ་དཀར་འབྲི་མོའི་བཀའ་དྲིན་ཤེས་བྱུང་། ། 
       འདོ་རིག་རྟ་ཕོར་བཅིབས་ནས་འགྲོ་དུས། ། 
       ཅང་ཤེས་རྒོད་པོའི་དྲིན་ལན་མ་ཤེས། ། 
       ཅང་ཤེས་རྒོད་པོ་གཞན་ལ་བཙོང་སྟེ། ། 
       བྱང་ལམ་རིང་མོ་རྐང་བས་གཅོད་དུས། ། 
       མགྱོགས་འགྲོ་རྟ་ཕོའི་བཀའ་དྲིན་ཤེས་བྱུང་། ། 
       དྲིན་ཆེན་ཕ་མའི་གམ་དུ་ཡོད་དུས། ། 
       ཡབ་ཡུམ་ཟུང་གི་བཀའ་དྲིན་མ་ཚོར། ། 
       ཕ་མར་བྲལ་ཏེ་རྒྱང་ལ་བཞུད་ནས། ། 
       ས་མཐའི་ཡུལ་ན་ཁེར་རྐྱང་ལུས་དུས། ། 
       དྲིན་ཆེན་ཕ་མའི་བཀའ་དྲིན་ཤེས་བྱུང་། །

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།