ས་དང་ཆུ་ཡི་ལས་དབང་།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 11/04/18

 མཐོ་འབྲིང་གསུམ་གཅིག་འཛིན་གྲྭ རིན་ཆེན་སྒྲོལ་མ།

                                                  ས།

       སྲ་མཁྲེགས་བརྟན་པའི་ངོ་བོ་མི་འགྱུར་དབྱིག་འཛིན་ང་ཡི་རང་བཞིན་ཏེ།།
       སེམས་ཅན་གྲངས་མེད་ཕང་བར་བཟུང་བ་ནོར་འཛི་ན་ང་ཡི་ལས་དབང་ཉིད།
       རིན་ཆེན་གཏེར་མཛོད་མངལ་དུ་སྦྲུམ་པ་དབྱིགའཛིན་ང་ཡི་ཁྱད་ཆོས་དེ།། 
       གཏེར་སྔོགབྱེད་བཞིན་མྱ་ངན་ཐང་ཞེས་འཕྱ་བ་ནོར་འཛིན་ང་ཡི་ལས་དབང་ཉིད།།

                                        ཆུ།

       ཞི་དུལ་བགཡོད་བརླན་གཤེར་རང་བཞིན་མི་འདོར་ཉལ་འགྲོ་ང་ ཡི་རང་བཞིན་དེ།། 
       དཔག་ཚད་ལེ་དབར་ཁྲི་ཕྲག་བརྒལ་ཏེ་རྒྱང་དུ་བཞུད་པ་དལ་འགྲོ་ང་ཡི་ལས་དབང་ཉིད༎ 
       གཞན་ཕན་ལྷག་བསམ་ལྷུང་ལྷུང་གླུ་དང་བསྡོངས་དེ་རྒྱུ་བ་ཉལ་འགྲོ་ང་ཡི་རང་བཞིན་ཉིད།། 
       སེམས་ཅན་མ་ལུས་སྙིང་ལ་བདེ་བའིབསིལ་ཡབ་སྦྱིན་པདལ་འགྲོ་ང་ཡི་ཁྱད་ཆོས་ཡིན།།

       མདོར་ན། སེམས་ཅན་འབུམ་གྱིས་ཁྲག་རྒྱུན་ཀླུང་ན་ཉལ་འགྲོ་བདག་གི་རྣམ་ཤེས་མཆིས།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།