བརྗེད་མ་མྱོང་།
སྤེལ་མཁན། དབང་གྲགས།
ཡོངས་ཁུངས། ངེད་དྲ་བ།
རྡེབ་ཚད།
སྤེལ་དུས། 11/05/14
མཐོ་འབྲིང་གཅིག་ལྔ་འཛིན་གྲྭ སངས་རྒྱས་མཁར།
ནང་བསྟན་རིག་པ་སེམས་ནས་དོར་མ་མྱོང་།།
ཕ་སྐད་གཙང་མ་ངག་ནས་བོར་མ་མྱོང་།།
དབྱངས་གསལ་སོ་བཞིའི་དབྱངས་རྟ་བྲལ་མ་མྱོང་།།
རང་རིགས་བོད་པ་ཡིན་པ་བརྗེད་མ་མྱོང་།།
མུ་སྟེགས་ཕྱི་ལ་སེམས་པ་འཁོར་མ་མྱོང་༎
གཞན་པའི་སྲོལ་ལ་འགྲམ་ཆུ་ལྡང་མ་མྱོང་༎
རང་རིགས་ཕྱོགས་ལ་ངན་གླེང་བྱས་མ་མྱོང་༎
བཙན་པོའི་གདུང་རྒྱུད་ཡིན་པ་བརྗེད་མ་མྱོང་༎
ར་མ་ལུག་གི་སྐད་ཆ་བཤད་མ་མྱོང་།།
སྦྲང་དཀར་རྩམ་པའི་བྲོ་བ་ཆད་མ་མྱོང་༎
ཆ་ལུགས་བཟང་པོ་གཞན་ལ་བསྒྱུར་མ་མྱོང་༎
རང་ཅག་བོད་པའི་མཚན་བྱང་བོར་མ་མྱོང་༎ |