མདུན་དུ་སྐྱོད་དང་སློབ་གྲོགས་ཚོ།
སྤེལ་མཁན། དབང་གྲགས།
ཡོངས་ཁུངས། ངེད་དྲ་བ།
རྡེབ་ཚད།
སྤེལ་དུས། 11/05/14
དམའ་འབྲིང་གཉིས་གཉིས་འཛིན་གྲྭ དབང་ཕྱུག
ཤ་རུས་གདུང་རྒྱུད་གཅིག་པའི་སློབ་གྲོགས་ཚོ།།
ཤེས་རིག་མེ་ཏོག་བཞད་པའི་སྐྱེད་ཚལ་དུ།།
ངེད་ཅག་དགེ་སློབ་རྣམ་པ་བདེ་སྐྱིད་ངང་།།
མཐུན་སྒྲིལ་ལག་རྡང་སྦྲེལ་དང་མདུན་དུ་བསྐྱོད།།
ཕ་མའི་རེ་བཞག་སྐྱོང་བའི་སློབ་གྲོགས་ཚོ།།
ང་ཕྱུག་ཁྱོད་ཕྱུག་རྒྱུ་ཤུགས་མི་རྩོད་པར།།
ལེགས་བཤད་དྭངས་མོའི་རོ་བཅུད་བཏུང་བཞིན་དུ༎
སློབ་དཔོན་དམ་པའི་དྲུང་ནས་ཤེས་བྱ་སྦྱོངས།།
གངས་རིའི་མཛད་རྗེས་སྐྱོང་བའི་སློབ་གྲོགས་ཚོ།།
ང་ཚོ་རང་གི་མེས་པོའི་རྒྱུད་འཛིན་ཡིན།།
མ་འོངས་གངས་ལྗོངས་གསར་བ་བསུ་བའི་ཆེད།།
སྟོབས་ཤུགས་ཡོད་དགུས་རིག་གནས་ཤུལ་བཞག་སྐྱོངས༎
བོད་རྒྱལ་སྲོང་བཙན་སྒམ་པོའི་གདུང་རྒྱུད་ཚོ། །
འགྲན་རྩོད་མཐུ་ཤུགས་རྒོད་པའི་དུས་རབས་འདིར།།
གངས་ཅན་ཁ་བའི་ལ་རྒྱ་རྩོད་བཞིན་དུ།།
རྡོག་རྩ་གཅིག་སྒྲིལ་ངང་ནས་མདུན་དུ་བསྐྱོད།། |