ཀ་རྩོམ་སེམས་ཀྱི་རེ་འབོད །

སྤེལ་མཁན། དཔལ་ལྡན་བཀྲ་ཤིས ། ཡོངས་ཁུངས། ཆུ་མིག་ལོ་རིམ་།གས་པར ། རྡེབ་ཚད། སྤེལ་དུས། 12/10/23

མཐོ་འབྲིང་གཉིས་གཅིག བསོད་ནམས་བཀྲ་ཤིས།

ཀ་ཡེ་སྙིང་གི་རང་རིགས་སྤུན་ཟླ་ཁ་རོག་ཁུ་སིམ་ངང་ནས་མ་སྡོད༎
ག་ས་གང་ནས་འདང་ཞིག་རྒྱོབས་དང་ང་ཚོའི་ཡབ་མེས་ཁྱོད་འདྲ་མིན་ནོ༎
ཅ་ཅོ་འདུ་འཛིར་མགོ་བོ་མ་གཡེང་ཆ་ལུགས་སུ་མཛེས་འགྲན་ནས་ཅི་བྱེད༎
ཇ་ཁང་ཆང་ཁང་ཁྱི་བཞིན་མྱུལ་ནས་ཉ་ཉོག་ཁ་བརྡས་མི་ཚེ་མ་འཕུད༎
ཏ་ལའི་འདབ་ལྟར་རྒྱས་པའི་རིག་གཞུང་ཐ་ན་ཤས་ཀྱང་ཉོ་བར་བརྩོན་སྐབས༎
ད་དུང་རྣམ་གཡེང་མལ་ཁྲིར་རོལ་བའི་ན་མཉམ་གྲོགས་པོ་བསམ་གཞིགས་གཏོང་རན༎
པཏྲའི་དབྱིབས་ཀྱི་སྤྱི་ཚོགས་ཁྲོད་ནས་ཕ་ལྟར་ཁྱེད་ལ་གཅེས་མཁན་སུ་ཡོད༎
བ་ཚྭའི་དྲི་ཡི་མི་ཚེའི་ཉམས་མྱོང་མ་གསོག་མག་མོག་ལམ་ལ་ཆས་པའི་༎
ཙ་རིའི་གནས་སྐོར་འདོད་པོ་ཁྱེད་ཀྱིས་ཚ་གྲང་བཀྲེས་སྐོམ་བཟོད་པར་ཨེ་ཐུབ༎
ཛ་ལང་སྤྱོད་པར་འཛེམ་བག་མེད་ཅིང་ཝ་མོའི་མཇུག་ངན་ལྷང་ངེར་མངོན་ཡང་༎
ཞྭ་མོ་ཟུར་གྱིས་གྱོན་པའི་ཀླད་མེད་ཟ་འཐུང་མཁན་པོ་སུ་ཡི་རྒྱུད་ཡིན༎
འ་ཅག་བཙན་པོ་བོད་ན་དེ་སྔོན་ཡ་རབས་ཁྱེད་འདྲ་བྱུང་བར་མ་ངེས༎
ར་བ་གངས་རིས་བསྐོར་བའི་གནས་འདིར་ལ་རྒྱའི་དར་ཆ་དགུང་ལ་བསྒྲེངས་ཏེ༎
ཤ་རུས་གཅིག་པའི་རང་རིགས་སྤུན་ཟླས་ས་སྟེང་འདི་ནས་རྟགས་ཤིག་ངོམ་རན༎
ཧ་ཅང་མང་པོ་ངག་ནས་ཤོར་ན་ཨ་ཁ་ཕོག་ཐུག་བཟོ་ཡང་སྲིད་པས༎
ཧ་ལམ་སྨྱོན་པའི་བཟི་གཏམ་ཡིན་ཡང་ཨ་རོགས་རྩེད་མཚར་ཙམ་ཞིག་མིན་ནོ༎ 
                                                               (རྒན་པདྨ་རིག་འཛིན་།)

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།