ཆང་།

སྤེལ་མཁན། Admin རྡེབ་ཚད། སྤེལ་དུས། 10/03/31

 མཐོ་འབྲིང་གསུམ་གཉིས་འཛིན་གྲྭ རིག་འཛིན་རྡོ་རྗེ།

        སྣ་ལྔའི་འབྲུ་རིགས་བསྙལ་བའི་མངལ་སྒོ་ལས༎
        ཉེར་ཐོན་དྭངས་གཙང་ཁུ་བའི་ལྷ་ཆབ་ཁྱོད༎
        དང་པོ་ཁ་ལ་འཐུང་བ་ཞིམ་པའི་རོ༎ 
        བར་དུ་མགྲིན་ལ་མིད་པ་སྟག་གི་སྙིང་༎
        ཐ་མར་ཁོག་ལ་སོང་བ་ཕག་གི་གཉིད༎
        ཧུབ་གསུམ་འཐུང་བའི་ནུས་མཐུ་དཔག་པར་དཀའ༎ 
        རྒོད་པོའི་དཔུང་བ་འཛིང་སར་ཁྱོད་རང་ཐོན༎
        སྣ་ནག་བྱ་བའི་ཁྲོད་ན་ཁྱོད་རང་དགེ།
        བཟའ་ཚང་འཁོན་འཛིང་བྱ་བར་ཁྱོད་ཀྱིས་སྦྱོར༎ 
        ཕ་བུ་དགྲ་ཟླའི་ལས་ལ་ཁྱོད་ཀྱིས་འགོད༎
        བཟང་བོའི་བུ་ལ་སྨྱོ་རྟགས་ཁྱོད་ཀྱིས་སྟེར༎
        ལྷད་མེད་མཛའ་བའི་བརྩེ་འདང་ཁྱོད་ཀྱིས་གཅོད༎
        ངེས་དོན་དཔའ་བོའི་གྲགས་སྙན་ཁྱོད་ཀྱིས་རློག། 
        དོན་ལྡན་མཁས་བའི་དཔྱོད་ཤེས་ཁྱོད་ཀྱིས་རྫོབ༎
        བློ་གསལ་སློབ་མའི་མདུན་ལམ་ཁྱོད་ཀྱིས་སྒྲིབ༎
        སྐྱིད་པའི་ཁྱིམ་གཞི་གོར་མོ་ཁྱོད་ཀྱིས་དཀྲུགས༎ 
        མི་རབས་བསགས་པའི་རྒྱུ་ནོར་ཁྱེད་ཀྱིས་འཇོམས།།
        བདེ་སྐྱིད་ཞོ་ལྟར་ཆགས་པའི་འཇིག་རྟེན་འདི༎
        ཁྲག་བཞིན་དཀྲུགས་པའི་བྱེད་པོ་ཁྱོད་ཉིད་དེ༎ 
        འཆམ་མཐུན་མེ་ཏོག་བཀྲ་བའི་སྤང་ལྗོངས་སུ༎
        ངན་སྤྱོད་རྡུལ་ནག་འདྲེན་པའི་གཡབ་མོའང་ཁྱོད༎

Copyright 2006-2010 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།