གྲོགས་པོ་དྲན་གླུ།
སྤེལ་མཁན། Admin
རྡེབ་ཚད།
སྤེལ་དུས། 10/03/31
མཐོ་འབྲིང་གཉིས་གཅིག་འཛིན་གྲྭ འཕགས་པ་སྐྱབས།
ལྟེ་ཁྲག་ས་རུ་འཐོར་བའི་དུས་ནས་ཕ་མ་ཟུང་གི་དཔྲལ་བའི་མིག།
དཔལ་གྱི་ལང་ཚོའི་གཉོམ་ལག་རྒྱས་བར་ཀུན་གྱི་སྙིང་ལ་རབ་དགའ་འཕེལ༎
འཁྱར་འཁྱོར་གོམ་པའི་འདེགས་འཇོག་ཐུབ་དུས་མ་ཡུམ་སློབ་གྲྭའི་གཅེས་ཕྲུག་ཅིག།
མི་ཚེའི་དམིགས་དོན་དམིགས་སུ་འཛིན་པའི་བརྩོན་ལྡན་སློབ་བུ་ཡ་རབས་ཤིག།
ཕ་མ་ཟུང་གི་རེ་བའི་མིག་ཟུང་རྒྱང་གི་བུ་ཕྲུག་ཕྱོགས་ལ་གཏད༎
བུ་ལོས་སེམས་འདུན་སློབ་ལ་སྒོམ་པའི་དཀའ་བ་སྣ་ཚོགས་ཁྲག་གིས་བྲིས༎
མ་འོངས་མི་ཚེའི་མདུན་ལམ་འཚོལ་བའི་ཆོད་སེམས་དམར་བོའི་སོ་མཚམས་ནས༎
གློ་བུར་གཅེས་བའི་ཚེ་སྲོག་ཤོར་བས་ནོངས་འགྱོད་སྡུག་བསྔལ་ཨ་ལ་ལ༎
ཤེས་བྱའི་མེ་ཏོག་རྣམ་པར་གྲོལ་བའི་སློབ་གླིང་གཡང་གི་ར་བ་རུ༎
ལས་ཀྱིས་ལག་རྡང་གཅིག་ཏུ་སྦྲེལ་བའི་མཛའ་གྲོགས་ཚོ་དང་ལྷན་ཅིག་ཏུ༎
ངེས་དོན་ཤེས་བྱའི་མཚོ་མོ་གཞིབས་པའི་སྐལ་བཟང་བྱང་བའི་དགེ་མཚན་ལ༎
འདི་ལྟར་གློག་ཞགས་གར་གྱིས་བཞུད་པས་ཡིད་སེམས་སྐྱོ་བ་དྭངས་མཐའ་མེད༎
རྣམ་དག་ལྷག་བསམ་བརྩེ་བའི་རི་མོ་གངས་དཀར་ལྷུན་པོའི་མདངས་སུ་བཀྲ༎
ཕན་ཚུན་གྲོགས་ལ་བརྩེ་ཞེན་ཟབ་ཅིང་གཤིས་རྒྱུད་རྣལ་མའི་མེ་ཏོག་འཛུམ༎
གཡོ་ཟོལ་གར་གྱི་བསླུ་བྲིད་དབེན་ལ་ཕྱི་ཐག་གསེར་ཞགས་རིང་བརྐྱངས་བའི༎
གྲོགས་དེ་དྲན་དུས་སྡུག་གི་མཆི་མ་འགོག་མེད་མཁུར་ཚོས་བརྒྱུད་ནས་ཟགས༎
ཀ་ཁའི་སྦྱོར་ཀློག་བློ་རུ་འཛིན་པའི་ཆུང་ཆུང་བྱིས་པའི་དུས་སྐབས་ནས༎
སྐྱིད་སྡུག་འདྲེས་མའི་འཚོ་བའི་མངར་ཁ་མཉམ་འདུག་མཉམ་འགྲོས་དང་དུ་བླངས༎
མི་འགྱུར་བརྩེ་བའི་ཆོད་སེམས་དན་རྟགས་དམར་བོའི་སེམས་ནས་རྡོ་རུ་བཞེངས༎
སྐད་ཅིག་གཏན་གྱེས་ལས་བསྐལ་འདི་ཡིས་མི་བཟོད་ན་ཟུག་སྙིང་ལ་བརྐོས༎
བསམ་གཞིགས་སྐྱུར་བོའི་མངར་ཁ་མྱོང་དུས་ཁྱེད་ཀྱི་ལང་ཚོ་ཁོ་ན་དྲན༎
སྡུག་གི་ཆར་རླུང་དྲག་ཏུ་འཚུབ་དུས་ཁྱེད་ཀྱི་ལྷག་བསམ་ཤ་སྟག་བསམ༎
བཅོས་མིན་བརྩེ་བའི་རི་མོ་མ་ཡལ་སྙིང་ན་དཔལ་གྱི་རེ་ཁཱ་མཛེས༎
གཟུང་འཛིན་སྤྲོས་བའི་ལྷན་འཛོམས་མི་ཚེ་མི་བརྗེད་སེམས་ཀྱི་དྲན་ཤིང་ཉིད༎
སྐྱ |