བུ་ངར་བ།
སྤེལ་མཁན། དབང་གྲགས།
ཡོངས་ཁུངས། ངེད་དྲ་བ།
རྡེབ་ཚད།
སྤེལ་དུས། 10/03/23
|
ཏུས་ཤིང་གྲོགས་པོར་ཁྱེར་དགོས་ཟེར།
“སྦྱིན་བདག སྒོར་དུ་རེད།”
“སྒོར་བཅུ་དྲུག་རེད།”
ཨ་ཁུ་ཟླ་བས་ཁུག་མའི་ནང་ནས་ཚིལ་དྲག་ཆགས་ཤིང་ལྟེབ་ཆག་ཤོར་བའི་སྒོརབཅུ་བཞི་བླངས་ཤིང་ངོ་ཚ་དང་བཅས་སྦྱིན་བདག་ལ་སྟེར་ཞོར་སྒོར་གཉིས་རྗེས་ནས་སྟེར་ཟེར། སྦྱིན་བདག་ཀྱང་བོད་མི་ཞིག་ཡིན་སྟབས་རྒད་པོར་སྙིང་རྗེ་ཞིང་དེ་ལྟར་བྱས།
ཨ་ཁུ་ཟླ་བའི་ཞུ་བ་དང་བརྒྱུད། ཚེ་རིང་ཕྱིར་སློབ་གྲྭར་བླངས།
“ཨ་ཕ། ང་ལ་ལྷམ་དང་གྱོན་པ་ཉོ་བྱེད་ལ་སྒོར་བརྒྱ་དགོས།”
ཨ་ཁུ་ཟླ་བས་ཡུད་ཙམ་ལ་བསམ་བློ་བཏང་རྗེས། “ཡ་ད་ཁྱོད་སློབ་ཁྲིད་ལ་སོངས་དང་། ཕྱི་དྲོ་ཨ་ཕས་ཁྱོད་ལ་ཁྱེར་ཡོང་། ཁྱོད་ཀྱིས་སློབ་སྦྱོང་ལ་ཧུར་བརྩོན་བྱོས་དང་།སྒོར་དགོས་མཁོ་ཅི་འདྲ་ཡོད་ན་ཨ་ཕས་ཁྱོད་ལ་བཀོད་པ་འཐེན་ཁོ་ཐག་ཡིན།”ཞེས་ཟེར་ཞིང་སློབ་གྲྭ་དང་བྲལ།
སློབ་གསེང་གི་སྐབས་སུ་ཚེ་རིང་དང་སློབ་གྲོགས་སྐོར་ཞིག་རྩལ་སྦྱང་ར་བར་འདུས་ཤིང་ཁ་བརྡ་བྱེད་བཞིན་འདུག
“ཡ་ད་ཚེ་རིང་ཕྱིར་ཐོན་བྱུང་། ང་ཚོ་སླར་ཡང་འདུས་བ་རེད། འདུས་སྟོན་གྱི་ཨ་རག་རྒྱ་མ་འགའ་འཐུང་དགོས་རྒྱུ་རེད་ལ།”
“ཁྱོད་ལ་སྒོར་གང་ན་ཡོད། ཁྱོད་ལ་སྒོར་ཡོད་ན། འཐུང་རོགས་ངས་བྱེད་ཡ།”
སྐྱག་གཟན་ཁྱོད་ཚོར་ཆང་འཐུང་བྱེད་ཀྱི་སྒོར་འགའ་ཡང་མེད་དམ།ང་ལ་སྒོར་བརྒྱ་ཡོད། ཡ་ད་འགྲོ ཚེ་རིང་ཁྱོད་ནི་དེ་འདྲའི་ངར་བ་ཞིག་ཡིན་མོ།…… |