“མིན།ཁྱོད་སློབ་གྲྭ་འགྲོ་དགོས།”

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 10/03/23

དམའ་འབྲིང་གསུམ་གཉིས་འཛིན་གྲྭ སྟེང་སོ་དོན་འགྲུབ་ཚེ་རིང་།

        འབྲུ་རིགས་ལོ་ཏོག་སྨིན་པས་ཞིང་ས་གྲུ་བཞི་གསར་གཞོང་རིང་མོ་དང་འདྲ་བའི་ཉིན་ཞིག་ལ། ཨ་མས་ལྕུག་མས་སླེས་བའི་སླེ་བོ་ཞིག་གི་ནང་དུ་ཇ་འཁྱགས་བླུགས་ཡོད་པའི་དམ་བུ་དང་། གོ་རེ་ཉུང་ངུ་ཞིག་ཁྱེར་ཞོར་ལག་པ་གཡས་བའི་ནང་དུ་ཟོར་བ་བཟུང་ཤིང་གཡོན་ལག་གིས་བུ་ཆུང་ང་ཁྲིད་དེ “གཡང་ཞིང”དུ་སོང་། ཞིང་ཁར་སླེབས་དུས། ཨ་མས་ཕུ་རུང་དཔུང་རྩར་གཏད་ཅིང་ལག་ཏུ་ཟོར་བ་བཟུང་ནས་ཞིང་བྲེགས། བདག་གིས་སྡོང་བོ་ཞིག་གི་གྲིབ་མའི་འོག་ནས་ཨ་མར་བལྟས་ནས་བསྡད། ཨ་མས་ཚ་གདུག་ཉི་མའི་འོག་སྐབས་འགར་ཙོག་ཙོག་བྱས་ནས་ནས་ཤོག་བརྒྱག་པ་དང་། སྐབས་རེར་སྐེད་པ་སྒུར་སྒུར་བྱས་ནས་ཞིང་འབྲེག་བཞིན་ཡོད་པས།གདོང་དུ་རྔུལ་ཆུ་ཤམ་ཤམ་དུ་བཞུར་ན་ཡང་ཁོ་མོས་སྣང་དོགས་ཅི་ཡང་མེད་པར་ལས་ལ་བརྩོན་བཞིན་ཡོད། དུས་དེར།བདག་ལ་སྐྱེས་མ་མྱོང་བའི་སྙིང་རྗེ་ཞིག་དང་། སྨྲ་མི་ཤེས་བའི་ན་ཟུག་ཅིག་བྱུང་ནས “ཨ་མ་ལགས། ད་ནི་ང་རང་སློབ་གྲྭར་མ་སོང་བར་ཁྱོད་ལ་ལས་ཀ་ལས་རོགས་བྱེད་རྒྱུ” ཨ་མས “ཁྱོད་འདི་ཇི་འདྲའི་བུ་གླེན་པ་ཞིག་རེད། ཁྱོད་རང་སློབ་གྲྭར་མ་སོང་ན་བདག་དང་འདྲ་བར་ཅི་ཡང་མི་ཤེས་བའི་བླུན་པོ་ཞིག་ཡིན་པ་མ་ཟད།འོད་སྟོང་འབར་བའི་མི་ཚེའི་མདུན་ལམ་དེ་དཀའ་སྡུག་གི་ཁྲོད་ནས་རྒས་འགྲོ་ཞིང་ནོར་ནག་གི་རྗེས་ནས་ཟད་འགྲོ་བ་ཡིན”ཟེར་ཞོར། ཡང་བསྐྱར་མགོ་བོ་སྒུར་སྒུར་བྱེད་ཞོར་ཞིང་བྲེགས། བདག་གི་མིག་ལས་མིག་ཆུ་ཤོར་ཞིང་ན་ཟུག་གིས་མ་བཟོད་པར་ཡང་བསྐྱར་ཨ་མ་ལ “སྟོན་ལས་ཀྱི་ཁྲོད་ནས་རྒས་ཤིང་རོང་འབྲོག་གི་ཐང་ནས་ཟད་འགྲོ་བའི་ཨ་མ་ལགས། ང་དངོས་ནས་སློབ་གྲྭར་འགྲོ་འདོད་མེད” གདོང་ལ་ཁྲོ་བའི་ཚུལ་གྱིས “མིན།ཁྱོད་སློབ་གྲྭར་འགྲོ་དགོས། ཁྱོད་ནི་ཨ་མའི་སེམས་ནང་གི་རེ་བ་ཉག་ཅིག་ཡིན་པས་ཁྱོད་སློབ་གྲྭར་མ་སོང་ན།” “ཁྱོད་ཀྱིས་ང་ཡི་དཀའ་སྡུག་ལ་ལྟོས་དང་། ངས་ནི་ཁྱིམ་གཞི་དྲོན་མོ་འདི་སྐྲུན་པར་དབྱར་གསུམ་གྱི་ཆར་བ་དང་སྟོན་གསུམ་གྱི་ཚ་བ། དགུན་གསུམ་གྱི་གྲང་ངར་ལ་མ་འཛེམ་པར་ལས་ལ་བརྩོན་བཞིན་ཡོད།” བདག་གི་སེམས་སུ་ཡང་བསྐྱར་སློབ་སྦྱོང་ལ་བརྩོན་དགོས་བའི་འདུན་པ་དབང་མེད་དུ་སྐྱེས་ནས་ཨ་མ་ལགས། “ད་ནས་བཟུང་བདག་གིས་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་མ་འོངས་བའི་བདེ་སྐྱིད་ཀྱི་ཆེད་དུ་དཀའ་སྡུག་གང་མང་མྱངས་ནའང་གདོང་གིས་བསུ་ནས་མདུན་ཕྱོགས་སུ་བསྐྱོད་པ་ཁོ་ཐག་ཆོད་ཡིན།”ཞེས་བློ་ཐག་རྦད་ཆོད་ཀྱིས་བཤད། ཨ་མ་ལགས།མ་འོངས་བའི་བདེ་སྐྱིད་ནི་ངེད་མ་བུ་གཉིས་ལ་དབང་བས། ཁྱེད་ཀྱི་སེམས་བདེ་བར་སྡོད་དང་། བུ་ཆུང་ངས་འཇིག་རྟེན་བཙལ་བའི་ཡུལ་འདི་ནས་རྫོགས་ལྡན་གྱི་བདེ་སྐྱིད་ཁྱེར་ཡོང་ངེས།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།