ཚོགས་འདུའི་ཟིན་ཐོ་གནད་བསྡུས།

སྤེལ་མཁན། དབང་གྲགས། ཡོངས་ཁུངས། ངེད་དྲ་བ། རྡེབ་ཚད། སྤེལ་དུས། 12/11/03

       ཚོགས་འདུ་གལ་ཆེའི་རིགས་གྲོལ་རྗེས་ཚོགས་འདུའི་དམིགས་ཡུལ་དང་ཐོག་མའི་ཟིན་ཐོར་གཞིགས་ནས་ཚོགས་འདུའི་གནས་ཚུལ་མདོར་བསྡུས་ཤིང་གཙོ་གནད་མཚོན་ཐུབ་པའི་ཟིན་ཐོ་ཞིག་ལ་ཚོགས་འདུའི་ཟིན་ཐོ་གནད་བསྡུས་སམ་ཚོགས་འདུའི་གནད་བསྡུས་ཞེས་བརྗོད། ཟིན་ ཐོ་གནད་བསྡུས་དེ་ཚོགས་འདུའི་ཡིག་ཆར་བརྩིས་ཏེ་གོང་རིམ་ལ་སྤྱན་འབུལ་ཞུ་བའམ་གཤམ་རིམ་གྱི་ལས་ཁུངས་ཁག་ལ་འགྲེམས་བསྒྲགས་བྱེད་པ། ཡང་ན་ཚོགས་འདུའི་ནང་དོན་གཙོ་བོ་རགས་བསྡུས་བྱས་ཏེ་ཚགས་པར་དང་འབྲེལ་ཡོད་དུས་དེབ་ཐོག་འགོད་པ་སོགས་བྱེད་ཆོག
       ཚོགས་འདུའི་ཟིན་ཐོ་གནད་བསྡུས་ནི་འབྲི་སྲོལ་གསར་པ་ཞིག་ཡིན་ཞིང་། ནང་དོན་ཐད་རྩ་དོན་རང་བཞིན་གྱི་ཞིབ་ཕྲའི་དབྱེ་ཞིབ་བྱས་ནས་ དོན་གནད་ཁག་གཏན་འབེབས་བྱེད་ཆོག གནད་བསྡུས་དེར་གྲོས་ཆོད་དང་གཏན་འབེབས་ཀྱི་ནང་དོན་ལྡན་ཡོད་ལ། གནས་ཚུལ་ཞིབ་འཇུག་དང་། གནས་ཚུལ་ངོ་སྤྲོད། གནས་ཚུལ་ཤེས་རྟོགས་བཅས་བྱ་རྒྱུའི་ངོ་བོ་ཡང་ལྡན་ཡོད་པས་ཚོགས་འདུའི་ངོ་བོ་དང་མཐུན་པའི་ལྟ་ཚུལ་དང་ཐབས་ཤེས་ སོགས་བཤད་ན་འགྲིག་ལ་ཡོངས་ཁྱབ་ཀྱི་དོན་སྙིང་ལྡན་པའི་གནད་དོན་ལ་དཔྱད་གཏམ་བརྗོད་ནའང་འགྲིག་མོད། འོན་ཀྱང་ངེས་པར་དུ་གོང་རིམ་ འགོ་ཁྲིད་ལས་ཁུངས་ཀྱི་ཆོག་མཆན་ཐོབ་པ་བྱེད་དགོས།

Copyright 2006-2017 Powered By jzschool 青ICP备06000522号 QQ:36150041
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་དབང་།